ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གོ་དགུ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གོ་དགུ་པ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་བསམ་འཆར་སྙན་ཞུ་དང་ལྟ་ཞིབ་དཔོན་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་བསམ་འཆར་སྙན་ཞུ། བཅའ་ཁྲིམས་རོགས་སྐྱོར་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་བསམ་འཆར་སྙན་ཞུ། སྨན་པ་ཆེད་མཁས་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་བསམ་འཆར་སྙན། དམག་ཞབས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་བསམ་འཆར་སྙན་ཞུ། མི་གྲངས་དང་འཆར་ལྡན་བུ་སྐྱེས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། ཆེས་མཐོ་མི་དམངས་ཁྲིམས་ཁང་ལ་འགན་དབང་སྤྲད་པ་བརྒྱུད་ཁྲིམས་ཁང་དེ་དང་ས་གནས་ཁ་ཤས་ནས་རིམ་པ་བཞི་པའི་ཁྲིམས་ཁང་གི་འདྲི་གཅོད་རིམ་པའི་འགན་ནུས་ངེས་གཏན་བཅོས་སྒྱུར་ཚོད་ལྟའི་བྱ་བ་སྤེལ་བའི་ཐག་གཅོད་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་གྲོས་ཞིབ་བསམ་འཆར་ལྟར་དུ། འབྲེལ་ཡོད་བཟོ་བཅོས་འཆར་ཟིན་མ་ཡིག་དང་ཐག་གཅོད་འཆར་ཟིན་བཏོན།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དབྱང་ཀྲིན་ཝུའུ་ཡིས་གྲོས་ཚོགས་ལ་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་དང་གོ་གནས་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་སོགས་ཕུལ།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་གོང་གསལ་བཟོ་བཅོས་འཆར་ཟིན་མ་ཡིག་དང་གཏན་འབེབས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ལ་སྤྲད་དེ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།