ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཐད་གཏོང་དྲ་དཔོན་དང་ཚོང་བ་བར་ཡིད་རྟོན་གདེངས་འཇོག་མ་ལག་འཛུགས་རྩིས་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའུ་ཡི་དྲ་ཚིགས་ཀྱིས་ཟླ8པའི་ཚེས18ཉིན་བརྡ་སྦྱོར་སྤེལ་ཏེ། 《གློག་རྡུལ་ཚོང་དོན་ཐད་གཏོང་སྟེགས་བུའི་དོ་དམ་དང་ཞབས་ཞུའི་ཚད་གཞིའི》ལས་རིགས་ཚད་ཐིག་ལ་མངོན་གསལ་གྱིས་བསམ་འཆར་བསྡུ་ལེན་བྱས། བསམ་འཆར་བསྡུ་ལེན་གྱི་མ་ཡིག་ལ་གཞིགས་ན། ཐད་གཏོང་མཁན་ལ་རྫུན་བཟོ་གཡོ་ཟོལ་དྲིལ་སྒྲོག་སོགས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་ཐེབས་པའི་བྱ་སྤྱོད་ཡོད་པའི་སྐབས་སུ། ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། ཐད་གཏོང་མཁན་ལ་དེ་བསྟུན་གྱི་ཁྲིམས་ཆད་གཅོད་དགོས། ཐད་གཏོང་གི་ཕྱིར་འཚོང་མི་སྣའི་ཞབས་ཞུ་ལས་ཁུངས་དང་དྲ་དཔོན། ཚོང་བ་སོགས་ཀྱི་བར་ལ་ཡིད་རྟོན་གདེངས་འཇོག་མ་ལག་འཛུགས་དགོས། བསམ་འཆར་བསྡུ་ལེན་མ་ཡིག་གིས་ད་རུང་ཐད་གཏོང་གློག་རྡུལ་ཚོང་དོན་གྱི་བཀག་རྒྱ་དང་ཚོད་འཛིན་བྱེད་པའི་ཐོན་རྫས་དང་ཞབས་ཞུའི་ཆ་འཕྲིན་གཏན་འཁེལ་གསལ་བོ་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།