ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་བཅུ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་ཉེ་ཆར་གོ་སྐབས་བདམས་ཏེ་གྲུ་ཚང་ནས་ཕྱིར་འབུད་པའི་བྱེད་སྒོ་ཐེངས་གཉིས་པ་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས17ཉིན། ཀྲུང་གོ་མི་སྡོད་འཇིག་རྟེན་འཕུར་སྐྱོད་གཞུང་ལས་ཁང་གིས་བཤད་པ་ལྟར་ན། ལྷ་གྲུ་ཨང་བཅུ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་ཉེ་ཆར་གོ་སྐབས་བདམས་ནས་ཕྱིར་འབུད་པའི་བྱེད་སྒོ་ཐེངས་གཉིས་པ་ལག་བསྟར་བྱ་རྒྱུ་རེད། 

པེ་ཅིང་གི་དུས་ཚོད2021ལོའི་ཟླ6པའི་ཚེས17ཉིན་ནས་བཟུང་ལྟེ་བའི་གྲུ་ཚང་དུ་བདེ་བླག་ངང་སྡོད་པ་ནས་བཟུང་། ལྷ་གྲུ་ཨང་བཅུ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གནམ་གྲུའི་ནང་བསྡད་ནས་ཟླ་བ་གཉིས་འགོར་ཞིང་། དེའི་རིང་།  འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་སྔ་རྗེས་སུ་ཟོག་འདྲེན་འཕུར་གྲུའི་དངོས་ཟོག་གནས་སྤོ་དང་ཐེན་ཧུ་ལྟེ་བའི་གྲུ་ཚང་གི་སྡེབ་སྒྲིག་མ་ལག་དོ་དམ། འཕྲུལ་ཆས་ཆེན་པོའི་ལག་པ་བཀོལ་སྤྱོད་སོགས་ཀྱི་ལས་དོན་ལེགས་འགྲུབ་བྱུང་བ་དང་། ཐེངས་དང་པོར་གྲུ་ཚང་གི་ཕྱིར་འབུད་པའི་བྱེད་སྒོ་དང་གྲུ་ཚང་གི་ཕྱི་རོལ་ནས་ཚོད་ལྟའི་བྱེད་སྒོ་སྤེལ་བ་མ་ཟད། ཁྱབ་ཁོངས་མང་པོའི་བར་མཐོངས་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་སོགས་ཀྱི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་དུས་མཚམས་རང་བཞིན་གྱི་བྱ་བའི་དམིགས་འབེན་ལེགས་འགྲུབ་བྱས།

མིག་སྔར།  ལྷ་གྲུ་ཨང་བཅུ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གི་གནས་ཚུལ་བཟང་བ་དང་ལྟེ་བའི་ཚང་སྒྲིག་མཉམ་འགྲིལ་འཁོར་སྐྱོད་བརྟན་བརླིང་ཡིན་པས་གྲུ་ཚང་གི་ཕྱིར་འབུད་པའི་བྱེད་སྒོ་སྤེལ་བའི་ཆ་རྐྱེན་འཛོམས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།