ཀྲུང་གོ་བོད་ཀྱི་དྲ་བ།

ཀུའོ་ཧྲིན་ཁུན་གྱིས་རྒྱལ་ཡོངས་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྟེང་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀུའོ་ཧྲིན་ཁུན་གྱིས་ཚེས16ཉིན་རྒྱལ་ཡོངས་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་སྐུལ་སློང་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་ཞི་ཅིན་ཕིང་གི“བདུན་གཅིག”སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞིསྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་པར་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྲིད་ཁྲིམས་ལས་ཁུངས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས། ཆབ་སྲིད་འཛུགས་སྐྲུན་དང་དཔེ་སྟོན་གྱི་བྱེད་ནུས། སྒྲིག་སྲོལ་འཛུགས་སྐྲུན་བཅས་འབུར་ཐོན་བྱེད་པ་དང་། ཏན་ཏིག་གིས་རྒྱལ་ཡོངས་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་བྱ་བ་སྤེལ་ཏེ། ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

ཀུའོ་ཧྲིན་ཁུན་གྱིས་བསྟན་དོན། སྐོར་ཐེངས་དང་པོའི་སློབ་གསོའི་དག་ཐེར་དང“ཕྱིར་མིག་བལྟ་བ”ཐད་བླངས་པའི་ཕན་འབྲས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་གྱི་ཐབས་ཇུས་དེ་སྲིད་ཁྲིམས་དཔུང་ཁག་གི་དོན་དངོས་དང་། དམངས་ཀྱི་འདོད་བློ་དང་ཡང་མཐུན་པས། ཧ་ཅང་ཡང་དག་ཡིན་པ་ར་སྤྲོད་བྱས་ཡོད། སྐོར་ཐེངས་དང་པོའི་སློབ་གསོའི་དག་ཐེར་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཚན་རིག་ལྟར་གནད་ཁེལ་ཐབས་ཇུས་ལག་བསྟར་བྱས་ཏེ། སྐོར་ཐེངས་གཉིས་པའི་སློབ་གསོའི་དག་ཐེར་གྱི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་མཐོར་འདེགས་སུ་གཏོང་དགོས། སྲིད་ཁྲིམས་སྡེ་ཁག་གི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་བཏང་ནས། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གྱིས། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་གཟབ་ནན་གསལ་བོར་བྱས་ཏེ། ཆབ་སྲིད་བློ་དཀར་སྲ་བརྟན་དུ་གཏོང་དགོས། སྲིད་ཇུས་ཡང་དག་པར་བེད་སྤྱོད་དང་། ཁུངས་སྣེ་ཞིབ་བཤེར་གོང་འོག་སྦྲེལ་མཐུད་ལ་ཤུགས་བསྣན་ནས། མང་ཚོགས་ལ་གནོད་པའི་ལས་མེད་པར་བཟོ་དགོས། ཁྲིམས་ལུགས་ལག་བསྟར་གྱི་ཁྲིམས་འཛིན་ལེགས་བཅོས་བྱེད་དགོས་པ་ལས་གཞན། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྲིད་ཁྲིམས་ལས་ཁུངས་ཀྱི་འབུར་ཐོན་གནད་དོན་ལེགས་བཅོས་བྱེད་དགོས་པ་མ་ཟད། མ་ལག་གི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་ཐག་གཅོད་བྱས་ཏེ། ལེགས་བཅོས་ཀྱི་གྲུབ་འབྲས་སྒྲིག་སྲོལ་ཅན་དུ་འགྱུར་བར་བྱེད་དགོས། སྤྱོད་སྟངས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་དམངས་ཡིད་ཚིམ་པ་དང་གཞི་རིམ་ཡིད་ཚིམ་པའི་སྲིད་ཁྲིམས་མགོ་ཁྲིད་ལས་ཁུངས་ཤིག་གསར་སྐྲུན་བྱེད་དགོས་ཞེས་བསྟན།

ཀྲའོ་ཁུ་ཀྲི། ཀྲོའུ་ཆང་། ཀྲང་ཅུན་བཅསམཚོགས་འདུར་ཞུགས་ཡོད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།