ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《སྔར་ལས་ལྷག་པའི་སྒོ་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《སྔར་ལས་ལྷག་པའི་སྒོ་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས། 

ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《སྔར་ལས་ལྷག་པའི་སྒོ་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས་པར་མ་ཟད། བརྡ་ཐོ་བཏང་སྟེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་ལ་ཟུང་འབྲེལ་བྱས་ནས་ནན་ཏན་གྱིས་དངོས་འབེབ་བྱེད་དགོས་པའི་རེ་བ་བཏོན། 

བསམ་འཆར་ལས་བསྟན་དོན། གཟུགས་འདས་ཤུལ་བཞག་རིག་གནས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱེད་པའི་ཡིད་སེམས་འགུལ་བའི་བདེན་དཔང་ཡིན་ལ། མི་རིགས་མཛའ་བརྩེ་གཅིག་སྦྲེལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་འཛིན་བྱེད་པའི་རྨང་གཞི་གལ་ཆེན་ཡིན། སྲུང་སྐྱོབ་གཙོར་འཛིན་པ་དང་མྱུར་སྐྱོར་དང་པོ། ལུགས་མཐུན་བེད་སྤྱོད། རྒྱུན་འཛིན་འཕེལ་རྒྱས་བཅས་ཀྱི་བྱ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་འཕེལ་རྒྱས་བཟོ་སྐྲུན་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། ཟོལ་མེད་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་མ་ལག་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བསམ་པའི་སྟོབས་ཤུགས་འབུལ་དགོས་ཟེར། 

བསམ་འཆར་ལས་བཏོན་པའི་དམིགས་འབེན་གཙོ་བོ་ནི། ཉིས་སྟོང་ཉེར་ལྔ་ལོའི་བར། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་ལས་གཞི་ལ་ཕན་ནུས་ལྡན་པར་སྲུང་སྐྱོབ་བྱེད་པ་དང་། བྱ་བའི་ལམ་ལུགས་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་གཏོང་བ་དང་། ནུས་ལྡན་འཁོར་སྐྱོད་བྱེད་པ། མི་དམངས་མང་ཚོགས་ཀྱི་གཟུགས་འདས་་ཤུལ་བཞག་རིག་གནས་ཀྱི་ཟབ་ཞུགས་ཚོར་བ་དང་ཐོབ་ཚོར། ཁས་ལེན་གྱི་ཚད་བཅས་མངོན་གསལ་དུ་ཇེ་དྲག་ལ་བཏང་སྟེ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དེང་རབས་ལ་ཞབས་ཞུ་བྱེད་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ནུས་པ་སྔར་ལས་འདོན་སྤེལ་བྱེད་རྒྱུ་དང་། ཉིས་སྟོང་སོ་ལྔ་ལོའི་བར། གཟུགས་འདས་རིག་གནས་ཤུལ་བཞག་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་ནུས་ལྡན་ཐོབ་པ་དང་། རྒྱུན་འཛིན་གསོན་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་བ། བྱ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱུན་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་འཛུགས་པ། སྲུང་སྐྱོབ་འདུ་ཤེས་སྔར་ལས་མི་སེམས་ལ་ཟུག་པར་བྱེད་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་མངོན་གསལ་གྱིས་ཇེ་མཐོར་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ནུས་པ་སྔར་ལས་གསལ་རྗེན་དུ་མངོན་པར་བྱེད་དགོས། 

བསམ་འཆར་ལས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་རྒྱུན་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ཆུ་ཚད་ཇེ་མཐོར་གཏོང་བ། གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་ཁྱབ་གདལ་གྱི་ཤུགས་ཚད་ཇེ་ཆེར་གཏོང་བ་སོགས་ཀྱི་ཐད་རེ་བ་གསལ་བོ་བཏོན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།