ཀྲུང་གོ་བོད་ཀྱི་དྲ་བ།

ལོ12ནས་ལོ17བར་གྱི་མི་ཚོགས་ལ་གོ་རིམ་ལྡན་པའི་ངང་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་རྒྱག་བཞིན་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོས་ལོ12ནས་ལོ17བར་གྱི་མི་ཚོགས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་ཞབས་ཞུ་བྱ་བ་མགོ་བརྩམས་ཤིང་། འགོག་སྨན་རྒྱག་ས་འཛུགས་པའི་ཆེད་དམིགས་ཞབས་ཞུ་དང་སྨན་བཅོས་མི་སྣ། ཡུལ་དངོས་འགན་སྲུང་མི་སྣ་སོགས་ཀྱི་བྱེད་ཐབས་བརྒྱུད། ལོ12ནས་ལོ17བར་གྱི་མི་ཚོགས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས། མཚམས་སྦྱོར་བྱས་པ་ལྟར་ན། ལོ་དར་ལ་མ་བབ་པའི་མི་ཚོགས་ལ་འགོག་སྨན་རྒྱག་སྐབས། ཁྱིམ་བདག་དང་མི་རང་ཉིད་གཉི་གར་བརྡ་རྒྱག་པ་དང་། གཉི་གས་མིང་རྟགས་འགོད་པ། གཉི་ག་ཡུལ་དངོས་སུ་ཡོང་དགོས་པ་བཅས་ཀྱིས་འགོག་སྨན་རྒྱག་པའི་གོ་རིམ་ཧྲིལ་བོར་ཁྱིམ་བདག་དང་ལྟ་སྐྱོང་བས་འགྲོ་རོགས་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།