ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སིའི་རང་བྱུང་སོལ་རླངས་སྦུག་གུའི་དབུགས་རླངས་སྐྱེལ་ཚད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར100ལས་བརྒལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས11ཉིན་རྒྱལ་ཁབ་སྦུག་དྲའི་སྡེ་ཚོགས་ནས་ཤེས་གསལ་ལྟར་ན། ཀྲུང་གོ་དང་ཨུ་རུ་སིའི་རང་བྱུང་སོལ་རླངས་སྦུག་གུས2019ལོའི་ཟླ12པར་དངོས་སུ་སོལ་རླངས་ཤར་གཏོང་བྱས་པའི་ཚུན་ལ། ཁྱོན་བསྡོམས་རང་བྱུང་སོལ་རླངས་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར100སྐྱེལ།

རྒྱལ་ཁབ་སྦུག་དྲའི་སྡེ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། ད་ལྟ། ཀྲུང་གོ་དང་ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་ཉིན་རེའི་རླངས་སྐྱེལ་ཚད་རྒྱ་དཔང་གྲུ་བཞི་མ་ཁྲི2800ཡིན་ཞིང་། ད་ལོའི་ལོ་མཇུག་ཏུ་སྔོན་རྩིས་བྱས་ན་རྒྱ་དཔང་གྲུ་བཞི་མ་ཁྲི4300ལ་སླེབས་པ་དང་། དེས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རང་བྱུང་སོལ་རླངས་མཁོ་འདོན་ལ་འགན་སྲུང་བྱས་ཏེ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དགོས་མཁོ་བསྐོང་རྒྱུ་རེད། 

ཀྲུང་གོ་དང་ཨུ་རུ་སིའི་རང་བྱུང་སོལ་རླངས་སྦུ་གུ་དེ་རང་རྒྱལ་མངའ་ཁོངས་ཀྱི་ཞིང་ཆེན་དང་ཁུལ། གྲོང་ཁྱེར9རུ་བརྒྱུད་ཡོད་པ་དང་། མངའ་ཁོངས་ནང་ཁུལ་གྱི་གསར་བཙུགས་སྦུ་གུ་སྤྱི་ལེ3371ལ་སླེབས་ཤིང་།བེད་སྤྱོད་བྱས་ཟིན་པའི་སྦུ་གུ་སྤྱི་ལེ1740ཡོད་ལ། བྱང་རྒྱུད་དང་དབུས་རྒྱུད། ལྷོ་རྒྱུད་བཅས་དུས་རིམ་གསུམ་དུ་བགོས་ནས་འཛུགས་སྐྲུན་བྱེད་པ་ཡིན། ད་ལྟ། བྱང་རྒྱུད་དང་དབུས་རྒྱུད་ཀྱི་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། ལྷོ་རྒྱུད་ཀྱི་འཛུགས་སྐྲུན་འཆར་གཞི་ལྟར2025ལོར་ལམ་ཐིག་ཧྲིལ་བོ་ཡོངས་སུ་ཤར་གཏོང་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།