ཀྲུང་གོ་བོད་ཀྱི་དྲ་བ།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཟི་ཁྲོན་དང་ཀན་སུའུ་ཡི་བོད་འབྲེལ་ཁུལ་དང་རྫོང་ནས་སློབ་སྦྱོང་རྟོག་ཞིབ་དང་ཆོས་ལུགས་བྱེད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་དང་རྔ་བ་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ་བཅས་སུ་རིམ་པར་སློབ་སྦྱོང་རྟོག་ཞིབ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ།

པཎ་ཆེན་མཆོག་གིས་བསྟན་དོན། ལོ་རྒྱུས་དང་དངོས་ཡོད་ཀྱིས་གསོན་ཉམས་ལྡན་པའི་ངང་གསལ་བཤད་བྱས་པ་ནི། དེ་རིང་གི་ང་ཚོའི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་འདི་ལྟ་བུ་ནི་གསར་བརྗེ་སྔོན་གཤེགས་དཔའ་བོ་གང་ཇི་སྙེད་ཅིག་གི་ཁྲག་དྲོན་དང་ཚེ་སྲོག་གིས་བསྐྲུན་པ་ཞིག་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོར་རག་ལས་པས། དྲིན་ཤེས་དྲིན་དུ་ཚོར་བའི་སྒོ་ནས་དྲིན་ལན་འཇལ་རྒྱུ་དང་། དུས་ནམ་ཡང་ཏང་གི་བཀའ་དྲིན་དྲན་པར་བྱེད་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས།

པཎ་ཆེན་མཆོག་གིས་བསྟན་དོན། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ལོ་རྒྱུས་ཀྱི་འོས་འགན་གསལ་བོ་ངེས་པར་བྱེད་རྒྱུ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོ་རུ་སྒྲེང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། དད་ལྡན་མང་ཚོགས་ཀྱིས་ཡང་དག་པའི་སྤྱོད་པ་སྐྱོང་བར་སྣེ་སྟོན་བྱེད་པ་བཅས་ལ་འབད་དེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་སྟོབས་ཤུགས་གང་ཡོད་འབུལ་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།