ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཀྱི་ཐོག་མའི་ཚོགས་འདུར་མགོ་འཛིན་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས29ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཟླ8པའི་ཚེས5ཉིན་པྲོག་གསར་གློ་ཚད་ཀྱི་འགོག་སྨན་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཀྱི་ཐོག་མའི་ཚོགས་འདུར་མགོ་འཛིན་བྱ་རྒྱུ་རེད། ཐེངས་འདིའི་ཚོགས་འདུ་བརྙན་ལམ་བརྒྱུད་ནས་འཚོགས་རྒྱུ་ཡིན་ལ། བརྗོད་དོན་གཙོ་བོ་ནི“འགོག་སྨན་མཉམ་ལས་ལ་ཤུགས་བསྣན་ནས་འཛམ་གླིང་གི་འགོག་སྨན་དྲང་བདེན་ངང་བགོ་བཤའ་རྒྱག་པར་སྐུལ་འདེད་བྱ་དགོས”ཞེས་པ་དེ་རེད། ཚོགས་འདུར་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་ནམ་གཙོ་གཉེར་པུའུ་ཀྲང་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མི་བཅས་ཕྱོགས30ཡི་མི་སྣ་རྣམས་ཞུགས་རྒྱུ་རེད། ཐེངས་འདིའི་ཚོགས་འདུ་ཡི་གྲུབ་ཆ་ཞིག་ཏུ་གྱུར་བའི་ཀྲུང་གོ་དང་ཚོགས་ཞུགས་རྒྱལ་ཁབ་ཀྱི་འགོག་སྨན་ཁེ་ལས་རྣམས་ཀྱིས་ཟླ7པའི་ཚེས29ཉིན་འགོག་སྨན་རྒྱལ་སྤྱིའི་མཉམ་ལས་ཀྱི་ཁེ་ལས་གླེང་མོལ་ཚོགས་འདུ་ཚོགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།