ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚོགས་འདུ་ཐེངས་ང་དྲུག་པར་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚོགས་འདུ་ཐེངས་ང་དྲུག་པ་པེ་ཅིང་དུ་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་ལ་མགོ་འཛིན་བྱས་པ་མ་ཟད་གསུང་བཤད་གནང་། 

 ཚོགས་འདུའི་སྟེང་བཟོ་བཅོས་བྱས་ཟིན་པའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཕྱོགས་སྟོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འབྲེལ་ཡོད་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྱོང་བྱ་བ་དང་རྗེས་ཕྱོགས་ཀྱི་བྱ་བའི་བཀོད་སྒྲིག་ཐད་ཀྱི་སྙན་ཞུ་ལ་ཉན།

ཝང་དབྱང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ལམ་ལུགས་འཛུགས་སྐྱོང་དེ་སྔར་ལས་མངོན་གསལ་དོད་པའི་ཆར་འཇོག་རྒྱུ་དང་། འཐུས་སྒོ་ཅུང་ཚང་བའི་བྱ་བའི་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་སུ་བཅུག་སྟེ་བྱ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་བྱ་བའི་གསར་གཏོད་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་འདོན་དགོས། ན་ནིང་བཟོ་བཅོས་བྱས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀུན་འཕྲོད་སྲོལ་ཡིག་གི་རྨང་གཞིའི་སྟེང་ད་ལོ་ཡང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་བྱ་བའི་ཕྱོགས་སྟོན་ལ་བཟོ་བཅོས་དང་འཐུས་སྒོ་ཇེ་ཚང་དུ་བཏང་བ་འདིས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་བྱ་བའི་ཁྲོད་རྨང་གཞི་རང་བཞིན་གྱི་ནུས་པ་བཏོན་ཞིང་། སྔར་ལས་ལྷག་པར་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་ཕན་ནུས་གལ་ཆེན་ལྡན་ལ། མུ་མཐུད་དུ་ཉམས་མྱོང་ཕྱོགས་སྡོམ་དང་ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་གསར་གཏོད་བྱེད་པ། ལམ་ལུགས་ལག་བསྟར་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཡོངས་སྲིད་གྲོས་ཀྱིས་ལས་དོན་ཁག་ལ་ཞབས་ཞུ་སྒྲུབ་ལུགས་སྔར་ལས་ཇེ་ལེགས་སུ་བཏང་སྟེ་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་འགན་སྲུང་གི་ནུས་པ་འདོན་སྤྲོད་བྱེད་དགོས།

ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུའི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་མ་འོངས་པའི་བྱ་བར་བཀོད་སྒྲིག་བྱས། ཝང་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་རིང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། “རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བྱས་ཏེ་སྔར་ལས་གཟི་བརྗིད་མང་པོ་བརྩོན་ལེན་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་འཁོར་གྱི་གྲོས་མོལ་འཆར་གཞི་དང་ཟུང་འབྲེལ་དམ་ཟབ་ཀྱིས་འགན་འཁྲི་དོན་འཁྱོལ་བྱ་ཆེད་སྤྱི་འདོམས་མཐུན་སྦྱོར་ལ་སྔར་ལས་ཤུགས་སྣོན་བརྒྱབ་ནས་ལོ་སྨད་ཀྱི་བྱ་བ་ཁག་བདེ་བླག་དང་གོ་རིམ་ལྡན་པ་ངང་དངོས་ཕན་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས།

ཚོགས་ཐོག་ཏུ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་ལས་རིམ་ལ་གྲོས་འཆམ་བྱུང་སྟེ། ཟླ8པའི་ཚེས30ཉིན་ནས་ཟླ9པའི་ཚེས1ཉིན་བར་པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཚོགས་ནས“ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན”ཐད་གྲོས་མོལ་སྲིད་གླེང་བྱ་རྒྱུ་གཏན་ཁེལ་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོ་ལི་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་དང་སྙན་ཞུ་ཕུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པའོ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མཱ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། པ་ཐེར། ཝང་ཡུང་ཆིང་། སུའུ་ཧུའེ། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཕེབས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།