ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་བྱིས་པ་གསུམ་བཙའ་བའི་འགྲོ་གྲོན་བུ་བཙའི་འགན་བཅོལ་ནང་ནས་གཏོང་བར་འགན་སྲུང་བྱ་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱིས་པ་གསུམ་བཙའ་ཆོག་པའི་སྲིད་ཇུས་དོན་འཁྱོལ་ཡོང་བར་རྒྱབ་སྐྱོར་བྱ་ཆེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཉིན་ཤས་སྔོན་ལ《བྱིས་པ་གསུམ་བཙའ་ཆོག་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་བུ་བཙའི་འགན་བཅོལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་ས་གནས་ཁག་གིས་འགན་བཅོལ་ནང་ཞུགས་པའི་བུད་མེད་ལས་བཟོ་བས་བྱིས་པ་གསུམ་བཙའ་བའི་འགྲོ་གྲོན་བུ་བཙའི་འགན་བཅོལ་ནང་ནས་གཏོང་སྤྲོད་བྱེད་པའི་ཁྱབ་ཁོངས་ནང་བཅུག་སྟེ་གཏན་འབེབས་ལྟར་བུ་བཙའི་སྨན་བཅོས་གྲོན་དངུལ་དང་བུ་བཙའི་ཕོགས་སྣོན་དུས་ཐོག་དང་གྲངས་ཚད་ལོངས་པའི་སྒོ་ནས་སྤྲོད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་གསལ་བོར་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་བུ་བཙའི་སྨན་བཅོས་འགན་སྲུང་དང་ཕྲུ་གུ་དམར་འབྱར་འགན་བཅོལ་ནང་ཞུགས་པའི་ལས་དོན་དུས་མཉམ་དུ་ཡག་པོ་སྒྲུབ་རྒྱུ་དང་། ས་གནས་ཁག་གིས་གོ་ཆོད་ནུས་ཆེའི་བྱེད་ཐབས་སྤྱད་དེ་བྱིས་པ་གསུམ་བཙའ་ཆོག་པའི་འབྲེལ་ཡོད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུའི་བླང་བྱ་བཏོན་པ་མ་ཟད། རང་འགུལ་སྒོས་དྲིལ་བསྒྲགས་བྱ་བ་ཡག་པོ་བསྒྲུབས་ནས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་སྔར་ལས་ལྷག་པར་བུ་བཙའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་འགན་བཅོལ་ནང་ཞུགས་པའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་དུས་ཐོག་ཏུ་ཐོབ་ཆ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་རྒྱུ། བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་སྙོམས་སྒྲིག་བྱས་ནས་བུ་བཙའི་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་དང་སྤྱི་ཚོགས་སྲིད་ཇུས་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།