ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་ནན་གྱིས་ཆེས་གསར་བའི་གནོད་འཚེའི་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ་གནོད་ཤུལ་དུག་སེལ་བྱ་བ་སྤེལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། ཧོ་ནན་གྱི་ཆེས་གསར་བའི་གནོད་འཚེའི་གནས་ཚུལ་དང་མྱུར་སྐྱོབ་གནས་ཚུལ་ཡོངས་བསྒྲགས་བྱས། ཡོངས་བསྒྲགས་ལྟར་ན། ཚེས25ཉིན་གྱི་དུས་ཚོད12བར་དུ། ཧོ་ནན་དུ་ཆར་བ་དྲག་པོ་བབས་ནས་མི63རྐྱེན་ལམ་དུ་ཤོར་བ་དང་། མི5གར་སོང་ཆ་མེད་དུ་གྱུར་ཞིང་། ཀྲིན་ཀྲོའུ་ཏུ་ཐོན་སྐྱེད་འཚོ་བའི་གོ་རིམ་སླར་གསོ་བྱུར་བར་སྐུལ་འདེད་བཏང་བ་དང་། གཙོ་བོ་གནོད་ཤུལ་གྱི་དུག་སེལ་བྱ་བར་སྐུལ་འདེད་བཏང་། 

ཧོ་ནན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཚེས25ཉིན་གྱི་དུས་ཚོད12བར། ཐེངས་འདིའི་ཆར་བ་དྲག་པོས་ཞིང་ཆེན་ཡོངས་ཀྱི་རྫོང139དང་།(གྲོང་ཁྱེར་དང་།ཆུས།)ཤང་དང་གྲོང་རྡལ་ཁྲི1144.78ལ་གནོད་འཚེ་ཐེབས་ཤིང་། གནོད་འཚེའི་རྐྱེན་གྱིས་མི63རྐྱེན་ལམ་དུ་ཤོར་བ་དང་མི5གར་སོང་ཆ་མེད་དུ་གྱུར་ཞིང་། འཕྲལ་བསྟུན་མི་གྲངས་ཁྲི86.19གནས་སྤོར་བྱས།

གནོད་སེལ་མྱུར་སྐྱོབ་ཐད། ཟླ7པའི་ཚེས24ཉིན་གྱི་ཉིན་དེར། ཧོ་ནན་ཞིང་ཆེན་གྱིས་ཞོད་འགོག་མྱུར་སྐྱོབ་སྟོབས་ཤུགས་གཙོ་བོ་ཀྲིན་ཀྲོའུ་དང་ཞིན་ཞང་། ཀྲིག་ཁུག  ཧི་པུས། ཁའེ་ཧྥིན། ཞུས་ཁྲང་བཅས་ས་གནས་དང་གྲོང་ཁྱེར6གི་ཆུ་རག་སྲ་བརྟན་དུ་གཏོང་བ་དང་། མི་སྣ་མྱུར་སྐྱོབ། གནས་སྤོར། ཆུ་འབུད་པ་སོགས་ཀྱི་གནོད་སེལ་མྱུར་སྐྱོབ་བྱ་བ་སྤེལ་བ་དང་། གནོད་སེལ་མྱུར་སྐྱོབ་ཁྲོད་མི་ཁྲི5.6ལྷག་དང་སྒྲིག་ཆས5900ཞུགས་ཡོད། སྤྱི་ཚོགས་མྱུར་སྐྱོབ་དཔུང་ཁག་རུ་ཁག201དང་མི3021། སྒྲིག་ཆས780མྱུར་སྐྱོབ་ཁྲོད་ཞུགས་ཤིང་། མྱུར་སྐྱོབ་ལས་འགན་ཐེངས726ལེགས་འགྲུབ་བྱས་པ་དང་མང་ཚོགས6100ལྷག་གནས་སྤར། 

དེ་ལས་གཞན། ཀྲིན་ཀྲོའུ་གྲོང་ཁྱེར་གྱིས་གད་སྙིགས་གཙང་སེལ་དང་། འདམ་རྫབ་འབུད་པ་དང་དུག་སེལ་གཙོ་གནད་དུ་བཟུང་ནས། རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་ལ་སྐུལ་འདེད་བཏང་། ཟླ7པའི་ཚེས22ཉིན་ཁྱོན་ཡོངས་ནས་གནོད་ཤུལ་དུག་སེལ་རིམས་འགོག་ནས་ཚེས25ཉིན་གྱི་ཉིན་གུང་གི་དུས་ཚོད12བར། གྲོང་ཁྱེར་ཡོངས་སུ་དུག་སེལ་བྱེད་གནས38416ཡོད་པ་དང་། དུག་སེལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི4761སླེབས་པ་དང་། གཙོ་བོ་སྡོད་དམངས་ཀྱི་ཁང་བ་དང་གད་སྙིགས་གནས་སྤོར་བྱེད་ས། སྤྱི་བའི་སྤྱོད་ཁང་། ཞིང་ལས་ཚོང་ར། གཞུང་ལམ། ལས་བཟོ་ཡུལ་དངོས། ཆུ་གསོག་ས། གནས་སྐབས་བདེ་འགོད་བྱེད་ས།གནོད་ཐེབས་ཞིང་སྡེ་དང་གསོ་སྤེལ་ར་བ་སོགས་འདུ། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།