ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རབས་གསར་བར་དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་དངོས་སུ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རབས་གསར་བར་དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་དངོས་སུ་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་འཛིན་པ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་གཙོ་ཐིག་ཏུ་འཛིན་པ། བཅོས་སྒྱུར་གསར་སྐྲུན་གཞི་རྩའི་སྒུལ་ཤུགས་སུ་སྒྱུར་བ། མི་དམངས་ཀྱི་ཉིན་རེར་འཕར་བའི་མཛེས་པའི་འཚོ་བའི་དགོས་མཁོ་སྐོང་བ་གཞི་རྩའི་དམིགས་ཡུལ་དུ་འཛིན་དགོས།

ཉིས་སྟོང་ཉེར་ལྔ་ལོའི་བར་དུ་དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་སྒྱུར་བཅོས་དང་ཕན་འབྲས་སྒྱུར་བཅོས། སྒུལ་ཤུགས་སྒྱུར་བཅོས་བཅས་ཀྱི་ཐད་ནས་བརྒལ་གཏོར་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། དངུལ་གཏོང་ཐོན་སྐྱེད་ཕན་འབྲས་ཚད་མཐོན་པོས་མཐོར་འདེགས་སུ་གཏོང་བ། ཕྱོགས་བསྡུས་དངོས་ཤུགས་དང་ནང་སྐྱེས་སྒུལ་ཤུགས། འགྲན་རྩོད་ནུས་ཤུགས་བཅས་སྔར་ལས་ཇེ་ཆེར་གཏོང་དགོས། གསར་སྐྲུན་ནུས་པའི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པ་དང་ཚན་རྩལ་གསར་སྐྲུན་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་མ་ལག་ཕལ་ཆེར་ཆགས་པར་བྱེད་དགོས་ལ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་ཤུགས་དེ་ས་གནས་ཐོན་སྐྱེད་སྤྱིའི་རིན་གོང་གི་བསྡུར་ཚད་ལས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་བསླེབ་ཏུ་འཇུག་དགོས། རྒྱུན་སྡོད་མི་གྲངས་མཁར་གྲོང་ཅན་དུ་གྱུར་ཚད་ལོ་རེའི་ཆ་སྙོམས་སྒོས་བརྒྱ་ཆའི་གྲངས་ཐིག་གཅིག་གི་ཡན་མཐོར་འདེགས་སུ་གཏོང་དགོས་པ་དང་། ལས་བགོས་ལུགས་མཐུན་དང་ཁྱད་སྟོབས་ཁ་གསབ། སོ་སོར་ཁྱད་ཆོས་ལྡན་པའི་མཐུན་སྦྱོར་འཕེལ་རྒྱས་ཆགས་སྟངས་ཕལ་ཆེར་ཆགས་པར་བྱས་ནས། གྲོང་གསེབ་ཁུལ་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་སྟེ་ལས་ཁུངས་དང་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ནུས་ཟད་གཅོག་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་བསླེབ་པ་དང་། ལས་ཁུངས་དང་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་དབྱང་གཉིས་ཐཱན་འགྱུར་ཕྱིར་བཏོན་ཚད་སྔར་ལས་ཇེ་དམའ་རུ་གཏོང་དགོས་པར་མ་ཟད། ཐོན་ཁུངས་གྲོན་ཆུང་རང་བཞིན་དང་ཁོར་ཡུག་མཛའ་མཐུན་རང་བཞིན་གྱི་འཕེལ་རྒྱས་རྣམ་པ་ཡོངས་ཁྱབ་ཏུ་འཛུགས་དགོས། སྒོ་འབྱེད་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ་ནང་ལོག་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་ཕལ་ཆེར་ཆགས་པར་བྱེད་དགོས། མཉམ་སྤྱོད་འཕེལ་རྒྱས་ཆུ་ཚད་གསར་བར་བསླེབ་ཏུ་བཅུག་སྟེ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་གཏོང་ཡོང་དང་དཔལ་འབྱོར་འཕར་ཚད་ཕལ་ཆེར་དོ་མཉམ་ཡིན་དགོས་པ་དང་། སྤྱི་ཐུན་འཕྲོད་བསྟེན་སོགས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་གཅིག་གྱུར་འཆར་འགོད་དང་ཁ་གཏད་འཇལ་བའི་ནུས་པ་མངོན་གསལ་སྒོས་ཇེ་མཐོར་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་འཇགས་ཚོར་སྣང་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་དགོས།

ཉིས་སྟོང་སོ་ལྔ་ལོའི་བར་དུ་དབུས་རྒྱུད་ས་ཁུལ་དུ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཕལ་ཆེར་ཆགས་པར་བྱེད་པ་དང་། ཐོན་ལས་སྤྱི་ཡོངས་ཆུ་ཚད་མཐོ་འབྲིང་དུ་བསླེབ་པར་བྱེད་པ། གྲོང་གསེབ་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཅུང་མཐོ་བའི་ཆུ་ཚད་དུ་བསླེབ་ཏུ་འཇུག་དགོས་ལ། ལྗང་མདོག་ཐཱན་ཉུང་ཐོན་སྐྱེད་འཚོ་བའི་རྣམ་པ་ཕལ་ཆེར་ཆགས་པར་བྱེད་པ་དང་། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་བདེ་ཐང་ཡོང་བར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པར་མ་ཟད། མཉམ་དུ་ཕྱུག་སྒྱུར་བྱས་ཏེ་ཆེས་མངོན་གསལ་ཡིན་པའི་ངོ་བོ་རང་བཞིན་གྱི་གྲུབ་འབྲས་ལེན་དགོས།

བསམ་འཆར་ལས། གཅིག གསར་སྐྲུན་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྔོན་ཐོན་གསར་བཟོ་ལས་རིགས་ལ་རོགས་འདེགས་བྱེད་པའི་དེང་རབས་ཐོན་ལས་མ་ལག་གསར་སྐྲུན་བྱེད་དགོས། གཉིས། མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཁུལ་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གསུམ། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་པའི་དབུས་རྒྱུད་གསར་སྐྲུན་བྱེད་དགོས། བཞི། སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ནང་ལོག་ཏུ་ཆུ་ཚད་མཐོ་བའི་སྒོ་འབྱེད་སྒྲིག་སྲོལ་གསར་བ་ཆགས་པར་བྱེད་དགོས། ལྔ། མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཐུན་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད།

བསམ་འཆར་ལས་བསྟན་དོན། དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། རྒྱབ་སྐྱོར་སྲིད་ཇུས་མ་ལག་འཛུགས་པ་དང་ཆ་ཚང་དུ་བཏང་ནས་ནོར་ཁྲལ་དངུལ་རྩའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།