ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་ཡིས་ཀྲུང་གོས་བསྡོམས་པས་ཕྱི་ཕྱོགས་ལ་ཁ་ཐུམ་དུང་ཕྱུར3000དང་འགོག་སྨན་དུང་ཕྱུར6འདོན་སྤྲོད་བྱས་ཡོད་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའུ་ཡི་ཕྱི་ཕྱོགས་ཉོ་ཚོང་སི་ཡི་སི་ཀྲང་ལི་ཞིན་ཆན་གྱིས་ཚེས22ཉིན་རྒྱལ་ཁབ་གསར་འགྱུར་གཞུང་སྒྲུབ་ཁང་གི་ཁྱབ་སྒྲོག་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་གོས་བསྡོམས་པས་རྒྱལ་ཁབ་དང་ས་ཁུལ200ལ་ཁ་ཐུམ་དུང་ཕྱུར3000དང་འགོག་སྨན་ལྭ་བ་དུང་ཕྱུར37། མི་རེའི་བརྟག་བཤེར་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་སྒམ་ཆུང་དུང་ཕྱུར48བཅས་འདོན་སྤྲོད་བྱས་ཟིན་པ་དང་། ཕྱི་ཕྱོགས་ལ་རིམས་ནད་འགོག་སྨན་ཀྱང་དུང་ཕྱུར6ཡན་འདོན་སྤྲོད་བྱས་ཏེ། གོ་ལ་ཧྲིལ་བོའི་རིམས་འགོག་འཐབ་རྩོད་ཀྱི་རྒྱུན་མཐུད་ལ་བྱས་རྗེས་གལ་ཆེན་ཕུལ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།