ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་ཕྱི་རོལ་གྱི་ངལ་རྩོལ་བའི་ཞབས་ཞུ་ས་ཚིགས78217འཛུགས་སྐྲུན་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་གསར་འགོད་པས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“བཟོ་ཚོགས་ཀྱིས་ཕྱི་རོལ་གྱི་ངལ་རྩོལ་པར་གཅེས་སྐྱོང་བྱེད་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་སྤྱི་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་རང་སྐྲུན་དང་མཉམ་སྐྲུན་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྱི་རོལ་གྱི་ངལ་རྩོལ་པའི་ཞབས་ཞུའི་ས་ཚིགས78201བསྐྲུན་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར9.38བཏང་བའི་ནང་ཞིང་བ་ལས་མི་གཙོ་བྱས་པའི་ཕྱི་རོལ་གྱི་ངལ་རྩོལ་པ་ཁྲི5900ལྷག་ལ་ཁྱབ་ཡོད།

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཁེ་དབང་འགན་སྲུང་པུའུ་ཡི་པུའུ་ཀྲང་སུའུ་པིན་གྱིས་ཁོར་ཡུག་གཙང་སྦྲའི་ལས་མི་སོགས་ཕྱི་རོལ་གྱི་ངལ་རྩོལ་པའི“ཟ་མ་ཟ་དཀའ་བ་དང་ཆུ་འཐུང་དཀའ་བ། ངལ་གསོ་དཀའ་བ། གསང་སྤྱོད་དཀའ་བ”སོགས་ཀྱི་གནད་དོན་དངོས་ལ་དམིགས་ནས། རིམ་ཁག་བཟོ་ཚོགས་ཀྱིས་ཁོར་ཡུག་གཙང་སྦྲའི་ལས་མི་དང་། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ། འགྲིམ་འགྲུལ་ཉེན་རྟོག་པ།མྱུར་སྐྱེལ་པ་སོགས་ཕྱི་རོལ་གྱི་ངལ་རྩོལ་པ་གཙོར་བྱས་པའི་ཞབས་ཞུའི་ས་ཚིགས་མ་ལག་ཧུར་ཐག་བཙུགས་ནས་ཕྱི་རོལ་གྱི་ངལ་རྩོལ་པའི་ལས་ཀའི་ངལ་གསོ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་རོགས་རམ་ཏན་ཏིག་བྱས་ཏེ་བཟོ་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་དོན་སྔར་ལས་ཐད་ཀར་དང་སྔར་ལས་གཏིང་ཟབ། སྔར་ལས་ཉེ་བཅར་བཅས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་ལ་ཁྱབ་ཡོད་ཟེར། 

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ངལ་རྩོལ་དང་དཔལ་འབྱོར་ལས་དོན་པུའུ་ཡི་རིམ་པ་གཉིས་པའི་སྐོར་གཟིགས་པ་པི་ཀུའེ་ལན་གྱིས་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་སྐབས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་། དྲ་ཐོག་ནས་ཁ་ཆད་བྱས་པའི་རླངས་འཁོར་གྱི་ཁ་ལོ་བ། ཕྱིར་ཚོང་གི་སྡེབ་སྐྱེལ་པ་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་ལེན་ལས་དོན་ཇི་ལྟར་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། ཁོང་གིས་མི་སྤྱོད་ཚན་པས་གཏན་འབེབས་ཁག་དོན་འཁྱོལ་བྱེད་པ་དང་། ངལ་རྩོལ་ཆ་རྐྱེན་དང་བྱ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ལས་སྒྲུབ་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། དགོས་ངེས་ཀྱི་འགོག་སྲུང་མཁོ་ཆས་མཁོ་འདོན་བྱེད་པ། གཏན་འབེབས་ལྟར་དྲོད་ཚད་མཐོ་བའི་ཟླ་ཕོགས་སྣོན་པ་སོགས་ལ་ལྟ་སྐུལ་བྱས་ནས་དེ་དག་གི་ཚ་གདུག་འགོག་པ་དང་དྲོད་ཚད་དམའ་རུ་གཏོང་བའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས་ཞེས་བཤད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།