ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་ནན་ཞིང་ཆེན་གྱིས་དྲག་ཆར་གྱི་ཉེན་བརྡ་དམར་པོ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧོ་ནན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས་ཚེས21ཉིན་གྱི་དུས་ཚོད22དང་སྐར་མ05སྟེང་དྲག་ཆར་གྱི་ཉེན་བརྡར་དམར་པོ་བསྒྲགས་པ་དང་། ཧི་པི་ས་ཁུལ་དང་ཨན་དབྱང་། ཁའེ་ཧྥིན། ཀྲིག་ཁུག་བཅས་ས་ཁུལ4དང་། ནུབ་རྒྱུད་ས་ཁུལ་གྱི་ཆར་བ་འབབ་ཚད་ཧའོ་སྨི50ཡན་ལ་སླེབས་པ་དང་། མ་འོངས་པའི་དུས་ཚོད3གྱི་ནང་། ཨན་དབྱང་དང་ཧི་པི། ཞིན་ཞང་། ཅའོ་ཙའོ་བཅས་ས་ཁུལ4དང་ཀྲིག་ཁུག་ས་ཁུལ་གྱི་ནུབ་རྒྱུད་དང་། ཁའེ་ཧྥིན་ས་ཁུལ་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཧྲང་ཆིག་ས་ཁུལ་གྱི་བྱང་རྒྱུད་ཀྱི་ཆར་བ་འབབ་ཚད་རྒྱུན་མཐུད་ཡིན་ཞིང་། ཆར་བ་འབབ་ཚད་ཧའོ་སྨི100ཡན་ལ་སླེབས་རྒྱུ་རེད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།