ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བའི་དམིགས་འབེན་ས་གནས་རྒྱལ་ཁབ106དང་ས་ཁུལ304ཡི་གྲུ་ཁར་རྒྱ་བསྐྱེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བའི་དངོས་ཟོག་འཁོར་རྒྱུག་དང་རྩ་འཛུགས་ཚོང་གཉེར་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི2021ལོའི་ལོ་སྟོད་ཀྱི་ཚོང་གཉེར་གནས་ཚུལ་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ6པའི་བར། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བའི་དངོས་ཟོག་རྩ་འཛུགས་ཀྱི་རྣམ་པ་རིགས་གསུམ་ཚང་མ་འཕར་བསྣོན་བྱུང་བ་དང་། དམིགས་འབེན་ས་གནས་རྒྱལ་ཁབ106དང་ས་ཁུལ304ཡི་གྲུ་ཁར་རྒྱ་བསྐྱེད།

ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བ་ནི་རང་རྒྱལ་གྱི་ནུབ་རྒྱུད་ཞིང་ཆེན་དང་སེང་ག་ཕོར་རྒྱལ་ཁབ་དང་མཉམ་འབྲེལ་སྒོས་གསར་སྐྲུན་བྱས་པའི་རྒྱལ་སྤྱིའི་སྐམ་ས་དང་རྒྱ་མཚོའི་ཉོ་ཚོང་བགྲོད་ལམ་གསར་བ་ཞིག་ཡིན་ཞིང་། ཁྲུང་ཆིན་ཚོང་གཉེར་ལྟེ་གནས་སུ་བྱས་ཤིང་། ཀོང་ཞི་དང་ཀོས་ཀྲིག ཀན་སུའུ། མཚོ་སྔོན། ཞིན་ཅང་སོགས་ནུབ་རྒྱུད་ཞིང་ཆེན་གནད་འགག་ཏུ་བཟུང་ནས། ལྕགས་ལམ་དང་མཚོ་འགྲུལ། གཞུང་ལམ་སོགས་སྐྱེལ་འདྲེན་ཐབས་ལམ་གྱིས། ལྷོ་བརྒྱུད་ཀོང་ཞི་བྱང་ཕྱོགས་ནས་འཛམ་གླིང་ས་གནས་སོ་སོར་སྐྱེལ་བ་དང་། ཤར་ཕྱོགས་ས་ཁུལ་ནས་མཚོ་སྐྱེལ་བྱེད་པ་དང་བསྡུར་ན་དུས་ཚོད་ཇེ་ཐུང་དུ་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།