ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྟོབས་ཤུགས་ཡོད་རྒུས་ཧོ་ནན་གནོད་ཐེབས་ས་ཁུལ་གྱི་རྡོ་སོལ་དང་གློག་སྣུམ། སོལ་རླངས་འགན་སྲུང་གཏན་འཇགས་ངང་འགན་སྲུང་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས21ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ7པའི་ཚེས20ཉིན། ཧོ་ནན་དུ་ཁྱབ་རྒྱ་ཆེ་བའི་ཆར་བ་དྲག་པོ་འབབ་པའི་གནམ་གཤིས་བྱུང་བ་དང་། གློག་ཤུགས་དང་རྡོ་སོལ་མཁོ་འདོན་སོགས་ཀྱི་ཐད་ཤུགས་རྐྱེན་ཐེབས། ཕྱོགས་སོ་སོའི་འབད་པ་བྱས་མཐར། ཚེས21ཉིན་གྱི་དུས་ཚོད8པའི་བར་དུ།དུད་ཁྱིམ་ཁྲི45.06ཡིས་རྒྱུན་ལྡན་གྱི་གློག་མཁོ་འདོན་མངོན་འགྱུར་བྱུང་བ་དང་། དུད་ཁྱིམ་གསུམ་ཆའི་གཉིས་ལ་གློག་མཁོ་འདོན་སླར་གསོ་བྱུང་བ་དང་། ལྷག་མའི་གློག་ཤུགས་བཀོལ་སྤྱོད་དུད་ཁྱིམ་ལ་སྟོབས་ཤུགས་ཡོད་རྒུས་ཞིག་གསོ་བྱེད་བཞིན་པའི་སྒང་རེད། 

རྒྱུས་ལོན་པ་ལྟར་ན། ཆར་བ་དྲག་པོ་བབས་པའི་གནམ་གཤིས་ཤུགས་རྐྱེན་གྱིས། ཧོ་ནན་ཞིང་ཆེན་དང་ཁྱད་པར་དུ་ཀྲིན་ཀྲིག་གྲོང་ཁྱེར་དུ་གནོད་ཐེབས་ཚབས་ཆེ་ན་ཡིན་པ་དང་། སྟོང་ཧྥུའུ500ཅན་གྱི་གློག་འདོན་ས་ཚིགས1དང་། སྟོང་ཧྥུའུ110ཅན་གྱི་གློག་འདོན་ས་ཚིགས8། སྟོང་ཧྥུའུ35ཅན་གྱི་གློག་འདོན་ས་ཚིགས1ལ་ཆུས་བསྣུབས་པས་འཁོར་རྒྱུགས་མཚམས་བཞག དུད་ཁྱིམ་ཁྲི98.22ཡི་གློག་འདོན་ལ་ཤུགས་རྐྱེན་ཐེབས་པ་དང་། དེའི་ཁྲོད་ཀྱི་དུད་ཁྱིམ49ལ་འབྲེལ་བ་ཡོད་ཅིང་། ཀྲིན་ཀྲིག་གྲོང་ཁྱེར་ཉེ་འཁོར་དང་ཀྲིན་ཀྲིག་ནས་གཙོ་གནད་ས་ཁུལ་དུ་བསྐྱོད་པའི་རྡོ་སོལ་སྐྱེལ་འདྲེན་ལ་ཤུགས་རྐྱེན་ཛ་དྲག་ཐེབས་པ་དང་། གཞུང་ལམ་རྡོ་སོལ་སྐྱེལ་འདྲེན་རྩ་བའི་སྟེང་ནས་མཚམས་ཆད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཕྱོགས་རྩ་འཛུགས་བྱས་ཏེ་གདོང་གཏད་པ་དང་། ཞིང་ཆེན་བརྒལ་བའི་རོགས་འདེགས་ཤུགས་ཚད་ཆེ་རུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་ཧོ་ནན་ཞིང་ཆེན་གྱི་རྡོ་སོལ་དང་། གློག སྣུམ་དང་སོལ་རླངས་གཏན་འཇགས་མཁོ་འདོན་ལ་འགན་སྲུང་བྱས།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།