ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་གསུམ་བཙའ་ཆོག་པའི་སྲིད་ཇུས་དང་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་བྱེད་ཐབས་དངོས་འབེབ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས20ཉིན། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཉིས་ཀྱིས་འབྲེལ་ཡོད་བུ་བཙའི་སྲིད་ཇུས་ལེགས་བསྒྱུར་བྱས་ཏེ་དུས་ཡུན་རིང་བོར་མི་འབོར་དོ་མཉམ་འཕེལ་རྒྱས་འབྱུང་བར་སྐུལ་ཁྲིད་བྱེད་པའི་ཆོད་དོན》ཁྱབ་བསྒྲགས་བྱས་ཤིང་། “ཁྱོ་ཤུག་ཟུང་གིས་བྱིས་པ་གསུམ་བཙའ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་འབྲེལ་སྤྱི་ཚོགས་ཀྱི་བདག་སྐྱོང་དངུལ་སོགས་ཀྱི་ཚོད་འཛིན་བྱ་ཐབས་མེད་པར་བཟོས་བ་དང་། ཆད་གཅོད་གཏན་འབེབས་གཙང་སེལ་དང་མེད་པར་བཟོས་ཏེ། བུ་བཙའི་ཐད་ཀྱི་རྒྱབ་སྐྱོར་བྱེད་ཐབས་ཆ་ཚང་དུ་གཏོང་རྒྱུའི”བླང་བྱ་བཏོན། ཕྲུ་གུ་དམར་འབྱར་གྱི་ནད་ཡམས་རགས་བཤེར་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་དང་ཆ་རྐྱེན་ཡོད་པའི་ས་ཁུལ་དུ་ཕ་མས་ཕྲུ་གུ་གསོ་བའི་གུང་གསེང་གཏོང་བར་ཚོད་ལྟ་བྱ་རྒྱུ། ཆ་རྐྱེན་ཡོད་པའི་བུ་བཅོལ་ཁང་གིས་ལོ2ནས3བར་གྱི་ཕྲུ་གུ་བསྡུ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་སོགས་གཏན་འབེབས་བྱས་ཡོད། གཏན་འབེབས་འདིིའི་ནང་ལེགས་བཙའ་ལེགས་གསོའི་ཞབས་ཞུ་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ནས་ཚེ་སྲོག་ཧྲིལ་བོར་ཁྱབ་པའི་རྒྱབ་སྐྱོར་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།