ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་པེ་ཅིང་དུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་བྱ་བའི་པུའུ། ཀྲུང་གུང་པེ་ཅིང་གྲོང་ཁྱེར་ཏང་ཨུ་བཅས་ཀྱིས་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཆུས་ཆིན་ཧྲན་དང་ཝང་ཝེ་ཀོང་། ཅང་ཧུའེ། ཞའེ་ཁྲུན་ཐའོ། ཁྲེན་ཅིན། ཝུའུ་ཏི་ཀང་། ལི་ཅེ་བཅས་སྔ་རྗེས་ཐེངས7ལ་སྒྲོག་འགྲེལ་སྙན་ཞུ་ཕུལ།

པར་འདི་ནི་ཟླ7པའི་ཚེས5ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཆུས་ཆིན་ཧྲན་གྱིས་སྙན་ཞུ་ཚོགས་འདུ་ཐོག་མའི་སྟེང་སྒྲོག་འགྲེལ་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཚོགས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་པ་དང་རང་རང་གི་ཞིབ་འཇུག་ཁྱབ་ཁོངས་དང་དམ་དུ་སྦྲེལ་ནས་ཕྱོགས་ཡོངས་དང་། ཡང་དག གཏིང་ཟབ་བཅས་ཀྱི་སྒོ་ནས་གསུང་བཤད་ཀྱི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ། ཕུན་སུམ་ཚོགས་པའི་དོན་སྙིང་སྒྲོག་འགྲེལ་བྱས་པ་མ་ཟད། གསུང་བཤད་ནང་བཏོན་པའི་བསམ་བློ་གསར་བ་དང་ལྟ་བ་གསར་བ། ཆོད་གཏམ་གསར་བ་བཅས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཤུགས་རྐྱེན་ཟབ་མོ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལས་བྱུང་བའི་འཚར་སྡུག་འོད་སྟོང་ལྡན་པའི་བཞུད་ལམ་དང་རླབས་ཆེ་བའི་གྲུབ་འབྲས། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་ཀྱི་དོན་སྙིང་གལ་ཆེན་དང་དུས་རབས་ཀྱི་རིན་ཐང་། ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་གཏོད་བྱེད་པའི་རྩ་བའི་བླང་བྱ་དང་འགན་འཁྲི་ལས་འགན་སོགས་ཀྱི་གནད་དོན་ཐད་འགྲེལ་བཤད་གཏིང་ཟབ་བྱས།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཁོངས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་འཐུས་མི། རྒྱལ་ས་རུ་ཡོད་པའི་སློབ་ཆེན་ཁག་གི་དགེ་སློབ་འཐུས་མི། པེ་ཅིང་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་འཐུས་མི། པེ་ཅིང་གྲོང་ཁྱེར་གྱི་མང་ཚོགས་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་གི་ཁེ་ལས་སྡེ་ཁག་གི་ལས་བྱེད་པའི་འཐུས་མི་སོགས་སྔ་རྗེས་སུ་མི2000ལྷག་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུར་ཞུགས་ཡོད།

རྒྱུས་ལོན་པ་ལྟར་ན། སྒྲོག་འགྲེལ་སྙན་ཞུ་དེ“སློབ་སྦྱོང་ལས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ”ཞེས་པའི་སློབ་སྦྱོང་སྟེགས་བུ་ལས་བརྙན་ལམ་གྱིས་རྣམ་པ་བརྒྱུད་ནས་གཏོང་རྒྱུ་དང་། ཆེད་དོན་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་མཇུག་རྫོགས་རྗེས་རྒྱལ་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་སྒྲོག་འགྲེལ་བྱ་འགུལ་སྤེལ་རྒྱུ་རེད། །

པར་འདི་ནི་ཟླ7པའི་ཚེས7ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཝང་ཝེ་ཀོང་གིས་སྙན་ཞུ་ཚོགས་འདུའི་ཐེངས་གཉིས་པའི་སྟེང་སྒྲོག་འགྲེལ་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ7པའི་ཚེས9ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཅང་ཧུའེ་ཡིས་སྙན་ཞུ་ཚོགས་འདུ་ཐེངས་གསུམ་པའི་སྟེང་སྒྲོག་འགྲེལ་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ7པའི་ཚེས11ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཞའེ་ཁྲུན་ཐའོ་ཡིས་སྙན་ཞུ་ཚོགས་འདུ་ཐེངས་བཞི་བའི་སྟེང་སྒྲོག་འགྲེལ་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ7པའི་ཚེས13ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཁྲེན་ཅིན་གྱིས་སྙན་ཞུ་ཚོགས་འདུ་ཐེངས་ལྔ་བའི་སྟེང་སྒྲོག་འགྲེལ་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ7པའི་ཚེས15ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཝུའུ་ཏི་ཀང་གིས་སྙན་ཞུ་ཚོགས་འདུ་ཐེངས་དྲུག་པའི་སྟེང་སྒྲོག་འགྲེལ་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ7པའི་ཚེས17ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལི་ཅེ་ཡིས་སྙན་ཞུ་ཚོགས་འདུ་ཐེངས་བདུན་པའི་སྟེང་སྒྲོག་འགྲེལ་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།