ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མར་ཏེ་ཝུན་གྱི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། མར་ཏེ་ཝུན་གྱི་ཙུང་ཐུང་སཱ་ལིས་ཧི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མར་ཏེ་ཝུན་བར་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀས་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱས་ཏེ། རྒྱལ་ཁབ་ཆེ་ཆུང་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་རོགས་རེས་གཉིས་ཕན་གྱི་དཔེ་མཚོན་ལྟ་བུར་གྱུར། ཉིས་སྟོང་བཅུ་བཞི་ལོར་ངས་མར་ཏེ་ཝུན་ལ་རྒྱལ་དོན་འཚམས་འདྲི་བྱས་ནས། ཕྱོགས་གཉིས་ཀས་མ་འོངས་པར་ཁ་ཕྱོགས་ཏེ་ཁྱོན་ཡོངས་རོགས་རེས་མཉམ་ལས་ཀྱི་འབྲེལ་བ་འཛུགས་རྒྱུ་ཐག་བཅད་དེ། ཕྱོགས་གཉིས་ཀའི་འབྲེལ་བར་སྲ་བརྟན་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་མར་ཏེ་ཝུན་ཕྱོགས་དང་ལྷན་དུ་རྟེན་འབྲེལ་བྱ་འགུལ་ཅི་རིགས་སྤེལ་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་མེད་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།

སཱ་ལིས་ཧི་ཡིས་བསྟན་དོན། ཀྲུང་གོས་མར་ཏེ་ཝུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དུས་ཡུན་རིང་བོར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། མར་ཏེ་ཝུན་ཕྱོགས་ཀྱི་རིམས་འགོག་ཐད་བདག་ལས་གཞན་གཅེས་ཀྱི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། མར་ཏེ་ཝུན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་ཁས་ལེན་བྱེད་རྒྱུ་དང་། སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་ལྔ་བཅུ་ལོན་པ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཇེ་དམ་དུ་གཏོང་རྒྱུ་དང་རྒྱུད་གཅིག་ལམ་གཅིག་འབད་པས་མཉམ་སྐྲུན་བྱེད་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་སྔར་ལས་ཤུགས་སྣོན་རྒྱུ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།