ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ཉིས་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥུའུ་ཧན་ནི་སྲོལ་རྒྱུན་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་ཀུན་ཏུ་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རོགས་རམ་བྱས། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྔར་སྲོལ་བཞིན་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དང་མཉམ་ལས་ཇེ་ཟབ་ཏུ་བཏང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་ཕྱོགས་ལ་རིམས་འགོག་ཐད་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་རྒྱུ་ཡིན། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཀྱང་རྒྱལ་ཁབ་གཉིས་ཀྱི་སྤྱི་དམངས་དང་སྒྲིག་འཛུགས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་སྣོན་པའི་རེ་བ་ཆེ།

ཅཱ་ཉིས་ཀྱིས་བསྟན་དོན། ཀྲུང་གོས་འཛམ་གླིང་གི་ཆེས་སྔུན་མ་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་ལ་བདེ་ལེགས་ངང་ཁ་གཏད་འཇལ་བར་མ་ཟད། དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱུང་བ་ནི། འཛམ་གླིང་གི་རྒྱལ་ཁབ་སོ་སོར་མཚོན་ནས་བཤད་ན་ཁེ་ཕན་ཡོད་པའི་དོན་བཟང་ཞིག་རེད། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཀྲུང་གོས་ཨ་ཧྥུའུ་ཧན་གྱི་རིམས་འགོག་ཐད་རྒྱབ་སྐྱོར་རིན་ཐང་བྲལ་བ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་མཉམ་འབྲེལ་དྲ་རྒྱ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་རེ་བ་ཆེ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།