ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་བཞི་པ་མགོ་ཚུགས་ནས་ལོ་ཕྱེད་ནང་ཀྲུང་གོའི་དཔལ་འབྱོར་འཕར་ཚད12.7%རྒྱུན་མཐུད་དང་བརྟན་བརླིང་ངང་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས15ཉིན་གཞི་གྲངས་ཡོངས་བསྒྲགས་བྱས་ཏེ་ཐོག་མའི་རགས་རྩིས་ལ་གཞིགས་ན།  2021ལོའི་ལོ་སྟོད་དུ་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར532167ཟིན་པ་དེ། དུས་མཚུངས་ལས12.7%འཕར་བ་དང་ལོ་གཉིས་ནང་ཆ་སྙོམས་སུ5.3%འཕར་ཡོད་པ་རེད། དེའི་ནང་དུས་ཚིགས་གཉིས་པར་ལོ་གཉིས་ལ་ཆ་སྙོམས་སུ5.5%འཕར་ནས་དུས་ཚིགས་དང་པོའི་འཕར་ཚད་ལས་མཐོ་བ་རེད། ནད་ཡམས་ཀྱིས“རྒྱུགས་ལེན་ཆེན་པོ”བྱས་པའི་ཀྲུང་གོའི་དཔལ་འབྱོར་ནི་སླར་གསོའི་ལམ་བུའི་སྟེང་། དུས་ཚིགས་རེ་རེ་བཞིན་ཇེ་ལེགས་དང་བརྟན་བརླིང་ངང་མདུན་སྐྱོད་བྱེད་བཞིན་ཡོད་པ་དེ་ཐོག་ནས་མཉེན་ཆ་ཆེན་པོ་དང་གསོན་ཤུགས་ཆེན་པོ་མངོན་གྱིན་ཡོད། །

1.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།