ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གླེང་བ》སོགས་གསུང་རྩོམ་གསུམ་གྱི་རྒྱ་ཡིིག་རྫོབ་བྲིས་ཀྱི་པར་གཞི་དཔེ་སྐྲུན་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གླེང་བ》དང《ཞི་ཅིན་ཕིང་གིས་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་བའི་གྲོང་ཚོ་དབུལ་པོའི་དབུལ་ཐར་སྐོར་གྱི་དངོས་བྲིས》《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》གསུམ་གྱི་རྒྱ་ཡིིག་རྫོབ་བྲིས་ཀྱི་པར་གཞི་དཔེ་སྐྲུན་བྱས།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གླེང་བ》དང《ཞི་ཅིན་ཕིང་གིས་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་བའི་གྲོང་ཚོ་དབུལ་པོའི་དབུལ་ཐར་སྐོར་གྱི་དངོས་བྲིས》《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》གསུམ་གྱི་རྒྱ་ཡིིག་རྫོབ་བྲིས་ཀྱི་པར་གཞི་ཉེ་ཆར་མཉམ་འབྲེལ་དཔེ་སྐྲུན་ཚད་ཡོད་ཀུང་སིས་ཤང་ཀང་དང་ཨའོ་མོན་ས་ཁུལ་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། 

པར་འདི་ནི་མཉམ་འབྲེལ་པར་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིས2021ལོར་ཤང་ཀང་དཔེ་དེབ་འགྲེམས་སྟོན་ཐོག་གི་གསུང་རྩོམ་གསུམ་གྱི་རྒྱ་ཡིག་རྫོབ་བྲིས་ཀྱི་པར་གཞི་དེ་ཚོགས་པའི་ལོ་འཁོར་གྱི་གཙོ་གནད་དཔེ་དེབ་ལ་བརྩིས་ནས་ཁྱབ་གདལ་བཏང་བའི་ཚུལ་རེད། 

ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གླེང་བ》ཞེས་པ་ནི་ཆེད་དོན་གསུང་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ཤིང་། ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད། ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་འཁོར100ལོན་པའི་ལོ་ཡིན། ཞི་ཅིན་ཕིང་གི《ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གླེང་བ་》ཞེས་པའི་རྒྱ་ཡིག་རྫོབ་བྲིས་པར་གཞི་དཔེ་སྐྲུན་བྱས་པ་དེས། ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་ཀློག་པ་པོས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་བརྒྱའི་ནང་རྒྱལ་ཁབ་དང་མི་རིགས་ལ་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། ལོ་རྒྱུས་ཀྱི་གྲུབ་འབྲས་བླངས་པ། ལོ་རྒྱུས་ཀྱི་བྱས་རྗེས་བཞག་པ་བཅས་ལ་དོན་དངོས་དང་མཐུན་པའི་ངོས་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་ཀློག་པ་པོས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་གཙོ་འཛིན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བཅས་ལ་སྔར་བས་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཡོད།

《ཞི་ཅིན་ཕིང་གིས་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་བའི་གྲོང་ཚོ་དབུལ་པོའི་དབུལ་ཐར་དངོས་བྲིས》ཞེས་པ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡིན། 《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》ཅེས་པ་དེ་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་གཞིས་རྩོམ་སྒྲིག་བྱས་པ་དང་ཚོང་དོན་པར་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད། བརྩམས་ཆོས་དེ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ལ་དམིགས་ཏེ། དྲོད་ཁོལ་མདངས་ཀྱིས་ཕྱུག་ཅིང་སྐྱིད་ཚོར་འབུར་དུ་ཐོན་ནས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་འགག་སྒྲོལ་གྱི་རླབས་ཆེན་གྲུབ་འབྲས་དྲིལ་བསྒྲགས་གཏིང་ཟབ་བྱས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཛེས་སྡུག་ལྗོངས་རྣམ་དང་འཛམ་གླིང་གི་དོན་སྙིང་མངོན་ཡོད། རྒྱ་ཡིག་རྫོབ་བྲིས་པར་གཞི་དཔེ་སྐྲུན་བྱས་པ་དེས་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་ཀློག་པ་པོ་ཚོའི་ཐུན་མོང་གི་བརྩེ་བ་ཇེ་ཟབ་ཏུ་ཕྱིན་ནས། ཁོང་ཚོར་དབུལ་ཐར་འགག་སྒྲོལ་གྱི་རླབས་ཆེའི་དོན་སྙིང་མྱོང་ཚོར་ཐུབ་རྒྱུར་ཁྲིད་སྟོན་ཐུབ་ལ། ཁོང་ཚོས་དཔེ་དེབ་ཀློག་པའི་བརྒྱུད་རིམ་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་བསམ་བློའི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས། སྐད་བརྡའི་སྟོབས་ཤུགས་བཅས་མྱོང་རོལ་བྱེད་ཐུབ། 

མིག་སྔར། མཉམ་འབྲེལ་དཔེ་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིས2021ལོའི་ཤང་ཀང་དཔེ་དེབ་འགྲེམས་སྟོན་ཐོག་གི་གསུང་རྩོམ་གསུམ་གྱི་རྒྱ་ཡིག་རྫོབ་བྲིས་པར་གཞི་དེ་ཚོགས་པའི་ལོ་འཁོར་གྱི་དཔེ་དེབ་གལ་ཆེན་ལ་བརྩིས་ནས་ཁྱབ་གདལ་བཏང་བ་དང་། འབྲེལ་ཡོད་བྱེད་སྒོ་སྤེལ་བས་ཤང་ཀང་གི་ཀློག་པ་པོ་མང་པོའི་ཡིད་དབང་བཀུག་ནས་དཔེ་དེབ་ཀློག་ཉོ་བྱས་པ་རེད། དེ་དང་ཆབས་ཅིག ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་དངོས་ཚན་དཔེ་དེབ་ཚོང་ཁང150ལྷག་གིས་ཁྱོན་ཡོངས་ནས་གསུང་རྩོམ་གསུམ་པོ་གཙོ་གནད་ཐོག་འགྲེམས་སྟོན་ཚོང་གཉེར་བྱས་ཤིང་། མཉམ་འབྲེལ་དཔེ་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིའི་གཤམ་འོག་གི་རིག་གནས་གློག་རྡུལ་ཚོང་དོན་ལས་སྟེགས“དེབ་གཅིག”དང་གསར་འགྱུར་ཆ་འཕྲིན་ལས་སྟེགས“ཚ་ལུ་མའི་གསར་འགྱུར”གྱིས་དཔེ་དེབ་དཔྱད་བསྡུར་སོགས་ཀྱི་བྱ་ཐབས་ཀྱིས་གསུང་རྩོམ་གསུམ་གྱི་གློག་རྡུལ་པར་གཞི་འོས་སྦྱོར་བྱས་པ་རེད། རྗེས་མར་ཚོགས་པ་དེས་ཤང་ཀང་གི་ཀང་ཏའོ་གླིང་ཕྲན་དང་། ཤིན་ཅེ་ས་ཁུལ། ཅུའུ་ལུང་གི་ཆུས་སོ་སོར་བསྐྱོད་དེ། ཆུས་ཀྱི་གྲོས་ཚོགས་དང་གྲོང་མིའི་སྡོད་ཁུལ་ཆེ་ཤོས། ཆེད་ཚན་སློབ་གླིང་སོགས་དང་མཉམ་ལས་བྱས་ཏེ། འབྱོར་འབྲིང་དུད་ཚང་ལ་ཁ་ཕྱོགས་པའི“སྡེ་ཁུལ་གྱི་དཔེ་དེབ་ཉིན་མོ”དང་ན་གཞོན་སློབ་མར་ཁ་ཕྱོགས་པའི“འགྲོ་སྐྱོད་བྱེད་པའི་དཔེ་ཁང”སོགས་སྤྱི་ཕན་དཔེ་ཀློག་བྱེད་སྒོ་བརྒྱུད་བརྩམས་ཆོས་གསུམ་གྱི་རྒྱ་ཡིག་རྫོབ་བྲིས་པར་གཞི་གཙོ་བོར་བཟུང་ནས་འོས་སྦྱོར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།