ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི”བརྟག་ཞིབ་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པེ་ཅིང་དུ་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ནས། འབྲེལ་ཡོད་དམངས་གཙོ་ཏང་ཤོག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་སྤེལ་བའི“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི”རྟོག་ཞིབ་གྲུབ་འབྲས་ལ་གྲོས་མོལ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་དང་ཕུགས་ཕན་གྱི་མ་ལག་ལྡན་ཞིང་གཏིང་ཟབ་པའི་སྒྱུར་བཅོས་ཤིག་ཡིན། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་ཚུགས་པའི་ལོ་འདིར། དམངས་གཙོ་ཏང་ཤོག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཞིབ་འཇུག་བྱ་གཞི་འདིར་དམིགས་ནས་རྟོག་ཞིབ་དང་གྲོས་མོལ་བྱས་པར་དོན་སྙིང་གལ་ཆེན་ལྡན། ཀྲུང་གུང་ཀྲུང་དབྱང་གི་སྲིད་དོན་དང་བྱེད་ཕྱོགས་ཀྱི་དགོངས་དོན་ཁོང་དུ་ཆུད་པ་བྱས་ཏེ་ཅིའི་ཕྱིར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་འདྲ་ཞིག་གཏོད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཇི་ལྟར་གཏོད་པ་སོགས་ཀྱི་གནད་དོན་གལ་ཆེན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཙོ་གནད་དང་དཀའ་གནད་ཁ་ཤས་བདམས་ཏེ་རྒྱུན་མཐུད་ངང་བརྟག་ཞིབ་དང་གཅིག་སྡུད་འགག་སྒྲོལ་བྱེད་དགོས། ཏང་ཤོག་ཚོགས་པའི་དོན་དངོས་དང་ཁྱད་ཆོས་ལ་གཞིགས་ནས་རང་ངོས་ཀྱི་ཞབས་ཞུར་བརྟེན་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ལེགས་ཆ་ལྡན་པའི་ཁྱབ་ཁོངས་འཚོལ་ཞིབ་ཡང་དག་བྱས་ནས། ཐབས་ཇུས་འདོན་པ་གནད་དུ་ཁེལ་བ་དང་གྲོས་མོལ་བྱེད་པ་འགག་རྩར་ཐུགས་དགོས།  

ཟླ7པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པེ་ཅིང་དུ་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ནས། འབྲེལ་ཡོད་དམངས་གཙོ་ཏང་ཤོག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་སྤེལ་བའི“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ”ཡི་རྟོག་ཞིབ་གྲུབ་འབྲས་ལ་གྲོས་མོལ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི་དང་། དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལིན་དབྱི་ཧྥུའུ་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་བརྟག་ཞིབ་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ཟུར་ཚད་མི་འདྲ་བའི་ཐོག་ནས་དངོས་དོན་གནད་ཁེལ་གྱི་བསམ་འཆར་དང་གྲོས་མགོ་བཏོན། དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གིས་སྣམ་གཞོགས་ཆེན་མོ་དང་སྒོ་འབྱེད་ཆེན་མོའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། སྣམ་གཞོགས་སྒོ་འབྱེད་ཀྱི་སྟེགས་བུའི་ལེགས་ཆ་འདོན་སྤེལ་བྱས་ནས་ཐོན་ལས་དང་མི་འབོར་གཅིག་སྡུད་ལ་སྐུལ་འདེད་གཏོང་བ་དང་མཐའ་མཚམས་བཅོས་སྐྱོང་གི་ནུས་པ་ཁྱོན་ཡོངས་མཐོར་འདེགས་གཏོང་དགོས་པའི་གྲོས་མགོ་བཏོན།  དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གིས་རྒྱལ་ནང་གི་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་བསམ་འཆར་འདོན་པ་དང་། གཅིག་གྱུར་གྱི་ཚོང་ར་ཆེན་པོའི་ལྟ་ཞིབ་ཚད་ལེན་སྟེགས་བུ་དང་དཔྱད་ཞིབ་མ་ལག་འཛུགས་པ། གཞི་རྐྱེན་གཙོ་བོའི་ཚོང་རའི་ལམ་ལུགས་ཀྱི་ཞིབ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་བགྲོད་བྱེད་དགོས་པའི་གྲོས་མགོ་བཏོན། ཀྲི་ཀུང་ཏང་ཀྲུང་དབྱང་གིས་འཁོར་སྐྱོད་གཉིས་ཀྱི་འགག་རྩའི་ས་ཁོངས་ཀྱི་སྣེ་ཁྲིད་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གྲངས་གཞིའི་ལག་རྩལ་གྱིས་དངོས་ཚན་ཁེ་ལས་ལ་ནུས་སྤྲོད་ཕན་འབྲས་ལ་ཤུགས་སྣོན་རྒྱག་པ་དང་། ཐཱན་གྱི་རྗེས་ཤུལ་དང་ཐཱན་གྱི་འདུས་ཚད་སོགས་རྨང་གཞིའི་ཞིབ་འཇུག་གང་མགྱོགས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པའི་ལེགས་སྒྲིག་ལ་སྣེ་ཁྲིད་བྱེད་དགོས་པའི་གྲོས་འགོ་བཏོན། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གིས་དབྱང་ཕུའུ་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་གང་མགྱོགས་ཀྱིས་བསྐྲུན་པ་དང་། ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁ་བཀག་འཇོག་འའཁོར་སྐྱོད་ཀྱི་ཚད་ལྡན་རང་བཞིན་གྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཏེ།  ཐའེ་ཝན་གྱི་མ་འཇོག་ཁེ་ལས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་འཛུགས་སྐྲུན་ནང་སྔར་བས་མང་བ་ཞུགས་རྒྱུར་སྐུལ་མ་གཏོང་དགོས་པའི་གྲོས་མགོ་བཏོན། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་ཁྲོམ་རའི་སྟོབས་ཤུགས་ལ་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱེད་པ་དང་། དངུལ་རྩས་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཆུ་ཚད་སྔར་བས་མཐོ་བའི་སྒོ་ནས་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱད་དེ་གསར་གཏོད་ཀྱི་འབྲེལ་ཐག་སྟོབས་ཆེར་གཏོང་བ་དང་ཤེས་ལྡན་མི་སྣའི་འབྲེལ་ཐག་རིམ་སྤོར་བྱེད་དགོས་པའི་གྲོས་མགོ་བཏོན། 

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུས་ཆོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཁྲེན་ཞའོ་ཀོང་དང་ཀུའུ་ཧྲེང་ཙུའུ་ཚོགས་འདུར་ཞུགས།  རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཏང་ཕྱིའི་མི་སྣ་དང་གྲོས་མོལ་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།