ཞི་ཅིན་ཕིང་གི《སྲིད་ཏང་མཉམ་ལས་ལ་ཤུགས་བསྣན་ཏེ་མི་དམངས་ཀྱི་བདེ་སྐྱིད་བརྩོན་གཉེར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་མགོ་ཁྲིད་པའི་དབུ་ཚོགས་སྟེང་གི་བརྗོད་དོན་གཙོ་བོའི་གསུང་བཤད》ཀྱི་དེབ་རྐྱང་མ་པར་སྐྲུན་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས14ཉིན་གྱི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《སྲིད་ཏང་མཉམ་ལས་ལ་ཤུགས་བསྣན་ཏེ་མི་དམངས་ཀྱི་བདེ་སྐྱིད་བརྩོན་གཉེར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་མགོ་ཁྲིད་པའི་དབུ་ཚོགས་སྟེང་གི་བརྗོད་དོན་གཙོ་བོའི་གསུང་བཤད》ཀྱི་དེབ་རྐྱང་མ་དེ་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་དུ་འགྲེམ་སྤེལ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།