ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་རྒྱལ་ཡོངས་ཀྱི་དབྱར་འབྲུའི་སྤྱིའི་ཐོན་འབོར་ཏུན་ཁྲི14582ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས14ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། 2021ལོའི་རྒྱལ་ཡོངས་ཀྱི་དབྱར་འབྲུའི་སྤྱིའི་ཐོན་འབོར་ཏུན་ཁྲི14582(རྒྱ་མ་དུང་ཕྱུར2916)ཡོད་པ2020ལོ་དང་བསྡུར་ན་ཏུན་ཁྲི296.7(རྒྱ་མ་དུང་ཕྱུར59.3)གསར་སྣོན་བྱུང་བས་འཕར་ཚད2.1%ལ་སླེབས་ཡོད། དེའི་ནང་གྲོའི་ཐོན་འབབ་ཏུན་ཁྲི13434(རྒྱ་མ་དུང་ཕྱུར2687)ཟིན་པ་དེ2020ལོ་ལས་ཏུན་ཁྲི258.9(རྒྱ་མ་དུང་ཕྱུར51.8)གསར་སྣོན་བྱུང་ཞིང2.0%འཕར་ཡོད། 2021ལོའི་དབྱར་འབྲུའི་འདེབས་ཁྱོན་སླར་གསོའི་རང་བཞིན་གྱིས་འཕར་སྣོན་བྱུང་བ་དང་། མུའུ་རེའི་ཐོན་ཚད་བརྟན་འཇགས་ངང་འཕར་ནས་དབྱར་འབྲུར་ལོ་ལེགས་བྱུང་ཡོད།།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།