ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་རང་རྒྱལ་དུ་སྦྲེལ་དྲ་ཁྱབ་ཚད་བཅུ་ཆ་བདུན་ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན་ཀྲུང་གོ་སྦྲེལ་དྲ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི2021ལོའི་ཀྲུང་གོའི་སྦྲེལ་དྲ་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་སྦྲེལ་དྲ་འཕེལ་རྒྱས་ཀྱི་སྙན་ཞུ(2021)》ཁྲོད2020ལོར་སླེབས་སྐབས་རང་རྒྱལ་གྱི་སྦྲེལ་དྲ་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་མངོན་འགྱུར་བྱས་ཏེ་དྲ་དམངས་ཀྱི་གཞི་ཁྱོན་བརྟན་པོའི་ངང་འཕར་སྣོན་བྱུང་ཡོད་པ་བསྟན། 

2020ལོའི་ལོ་མཇུག་བར་དུ་ཀྲུང་གོའི་དྲ་དམངས་ཀྱི་གཞི་ཁྱོན་མི་དུང་ཕྱུར9.89ཟིན་པ་དང་སྦྲེལ་དྲ་ཁྱབ་གདལ་གཏོང་ཚད70.4%ལ་སླེབས་ཡོད། ལྷག་པར་དུ་སྒུལ་བདེའི་སྦྲེལ་དྲ་སྤྱོད་མཁན་གྱི་བསྡོམས་འབོར་དུང་ཕྱུར16ལས་བརྒལ་ཡོད། 5Gདྲ་རྒྱའི་སྤྱོད་མཁན་དུང་ཕྱུར1.6ལས་བརྒལ་བ་དེས་གོ་ལ་ཧྲིལ་བོའི5Gསྤྱིའི་སྤྱོད་མཁན་གྱི89%ཟིན་ཡོད། 

གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ། གཞི་གྲངས་ཐོན་ལས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བ་དང་། སྤྲིན་རྩིས་ཁྲོམ་རའི་འཕེལ་རྒྱས་མགྱོགས་མྱུར་ཡིན་པ་རྒྱུན་འཁྱོངས་བྱས། 2020ལོར་སླེབས་སྐབས་སྤྱི་ཡོངས་ཀྱི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར1781ཟིན་པ་དང་། འཕར་ཚད33%ལས་བརྒལ་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།