ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་ལ་རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་དུང་ཕྱུར13.65ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། 2021ལོའི་ལོ་སྟོད་ལ། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་སྐྱེལ་བྱེད་ཚད་བསྡོམས་པས་མི་ཐེངས་དུང་ཕྱུར13.65ལ་སླེབས་ཤིང་། དུས་མཉམ་ལས་མི་ཐེངས་དུང་ཕྱུར5.48ཇེ་མང་དུ་སོང་ཞིང་འཕར་ཚད67%ལ་སླེབས།

དུས་ཚིགས་གཉིས་པར། རྒྱལ་ཡོངས་ལྕགས་ལམ་གྱི་ཉིན་རེའི་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི903ལ་སླེབས་པ་དང་། དུས་ཚིགས་དང་པོ་ལས་མི་ཐེངས་ཁྲི298ཇེ་མང་དུ་སོང་ཞིང་འཕར་ཚད49.3%ལ་སླེབས་ཡོད། དེའི་ནང་། ཟླ5བར་འགྲུལ་སྐྱེལ་བྱེད་ཚད2019ལོའི་དུས་མཉམ་གྱི95.5%ལ་སླེབས་ཤིང་། ཉིན་རེའི་འགྲུལ་སྐྱེལ་བྱེད་ཚད་ཐོག་མར་མི་ཐེངས་ཁྲི1800ལས་བརྒལ་ཏེ་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་ཡོད།

དུས་མཚུངས་སུ། ལྕགས་ལམ་སྡེ་ཁག་གིས་མུ་མཐུད་དུ་འགྲུལ་སྐྱེལ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། འགྲུལ་བའི་ཕྱིར་བསྐྱོད་ཀྱི་མྱོང་རོལ་ལེགས་བསྒྱུར་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།