ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་གི་གནམ་གྲུ་ཐང་གཉིས་ཀྱི་གནམ་གྲུ་གཏོང་ཐེངས462ཉུང་འཕྲི་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས12ཉིན་པེ་ཅིང་རྒྱལ་ས་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཤེས་རྟོག་བྱུང་བ་ལྟར་ན། དྲག་ཆར་བབས་པའི་རྐྱེན་གྱིས་དེ་རིང་གནམ་གྲུ་ཐང་གཉིས་ཀྱི་གནམ་གྲུ་གཏོང་ཐེངས462ཉུང་འཕྲི་བཏང་བ་རེད། དྲག་ཆར་གྱིས་གནམ་གྲུ་གཏོང་བར་ཤུགས་རྐྱེན་ཅུང་ཆེ་བས་འགྲུལ་བ་རྣམས་ཀྱིས་དུས་ཐོག་ཏུ་གནམ་གྲུ་གཏོང་བའི་གནས་ཚུལ་ལ་དོ་ཁུར་བྱེད་དགོས་ཞེས་གནམ་གྲུ་ཐང་ཕྱོགས་ཀྱིས་གསལ་འདེབས་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།