ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རི་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུང་འཐོར་དོན་རྐྱེན་བྱུང་བར་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨི་རི་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུང་འཐོར་དོན་རྐྱེན་བྱུང་བར་ཨི་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གི་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཁྱེད་ཀྱི་རྒྱལ་ཁབ་ཏུ་འགྲུལ་སྐྱེལ་གནམ་གྲུ་ཞིག་ཁན་ཁྲ་ཅཱའི་མཐའ་མཚམས་སུ་སྟབས་མ་ལེགས་པར་ཆག་སྒོ་བྱུང་ནས་འགྲུལ་པ་དང་གནམ་གྲུའི་ཐོག་གི་ལས་བཟོ་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་བ་གློ་བུར་དུ་ཤེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུ་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།