ཀྲུང་གོ་བོད་ཀྱི་དྲ་བ།

ཟླ7པར་རང་རྒྱལ་གྱི་གཙང་བོ་ཆེ་གྲས་བདུན་གྱི་བཞུར་རྒྱུད་ཁྱོན་ཡོངས་ནས་ཆུ་འབྲུབ་དུས་སྐབས་སུ་སླེབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན། རྒྱལ་ཁབ་གནོད་འཕྲི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་མཁོ་བསྟུན་དོ་དམ་པུའུ་གཉིས་ཀྱིས་ཟླ7པའི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་སྐྱོན་ཉེན་ཁའི་གནས་བབས་ཁྱབ་བསྒྲགས་བྱས། རྒྱུས་ལོན་པ་ལྟར་ན། ཟླ7པའི་ནང་ཆར་བ་འབབ་ས་གཙོ་བོ་བྱང་ཕྱོགས་སུ་སྤོ་སྐྱོད་བྱེད་པ་དང་བསྟུན་ནས་ལྷོ་ཕྱོགས་ཀྱི་ཆར་དུས་མཇུག་རྫོགས་ལ་ཉེ་བ་དང་། བྱང་ཕྱོགས་སུ་ཆར་དུས་སྔ་སྣུར་བྱེད་སྲིད་པས་རང་རྒྱལ་གྱི་གཙང་བོ་ཆེ་གྲས་བདུན་གྱི་བཞུར་རྒྱུད་དེ་ཁྱོན་ཡོངས་ནས་ཆུ་འབྲུབ་དུས་སྐབས་སུ་སླེབ་སྲིད་སྟབས། རྒྱལ་ཡོངས་ཀྱི་རང་བྱུང་གནོད་སྐྱོན་ཉེན་ཁའི་གནས་བབས་སྔར་ལས་ཛ་དྲག་ཏུ་གྱུར་བ་རེད། དབྱར་ཁའི་གུང་གསེང་ཐོན་ལ་ཉེ་ཞིང་འགྲིམ་འགྲུལ་འགྲོ་སྐྱོད་དང་ཡུལ་སྐོར་བྱ་འགུལ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཆུ་འབྲུབ་དུས་སྐབས་སུ་གནོད་སྐྱོན་སྣ་ཚོགས་འབྱུང་བར་མཐོང་ཆེན་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།