ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་སྲིད་ཏང་དང་སྲིད་གཞུང་གི་འགོ་ཁྲིད་པ་སོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་འདིར། རྒྱལ་ཁབ་མང་པོའི་སྲིད་ཏང་དང་སྲིད་གཞུང་གི་འགོ་ཁྲིད་པ་སོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ལ་གློག་འཕྲིན་བཏང་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ལས་གཞན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རིང་བླངས་པའི་མཚར་སྡུག་འོད་སྟོང་འབར་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླ་མེད་དབུ་ཁྲིད་འོག་ཏུ་ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། མིའི་རིགས་ཡར་རྒྱས་འགྲོ་བའི་ལས་དོན་བཅས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཀྱིས་བརྟས།

ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུ་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་དེང་སྐབས་ཀྱི་གནས་ཚུལ་སྟེང་རྐང་བརྟན་པོ་འཛུགས་པ་དང་མ་འོངས་པར་ཁ་ཕྱོགས་ན། གཞི་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ཟེར།

བལ་བོའི་དམངས་གྲོས་ཁང་གི་གྲོས་དཔོན་སཱ་ཕུའུ་ཁི་ཐཱ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་ཚུད་པའི་རླབས་ཆེན་བསམ་བཀོད་མང་པོ་ཞིག་གིས། ཀྲུང་གོས་ཁྱིམ་མཚེས་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་ལྷན་དུ་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་གཏོང་འདོད་ཆེ་བའི་དགོངས་པ་མངོན་པར་བསྟན་ཡོད།

འཇར་པན་རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་པོ་ཨར་ཅེ་ཅུན་པའོ་ཡིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་གི་རྒྱབ་ཁབ་ཆེན་མོར་གྱུར་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཨེ་ཤ་ཡ་གླིང་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་པར་རེ་ལྟོས་ཆེ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།