ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས“ཏི་ཏི་ཕྱིར་སྐྱོད”Appསྒྲོམ་འབེབས་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐེར་འདོན་བྱས་པ་ལྟར། ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། “ཏི་ཏི་ཕྱིར་སྐྱོད”APPལ་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་གྱིས་མི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་དང་བེད་སྤྱོད་གཏོང་བའི་གནད་དོན་ཡོད་པས།  རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བེད་སྤྱོད་ཚོང་ཁང་ལ“ཏི་ཏི་ཕྱིར་སྐྱོད”APPསྒྲོམ་འབེབས་བྱེད་པའི་བརྡ་ཐོ་བཏང་ནས། ཏི་ཏི་ཕྱིར་སྐྱོད་ཚན་རྩལ་ཚད་ཡོད་ཀུང་སིས་བཅའ་ཁྲིམས་ཀྱི་བླང་བྱ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་ལྟར། གནས་པའི་གནད་དོན་ལ་དག་ཐེར་ནན་ཏན་བྱས་ཏེ་རྒྱ་ཆེའི་སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

དེ་དོན་ཆེད་དུ་བརྡ་ཁྱབ་བཏང་བ་ཡིན།

རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་།

2021ལོའི་ཟླ7པའི་ཚེས4ཉིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།