ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་བརྡ་ཐོ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་དངོས་འབེབས་མཐར་ཕྱིན་བྱེད་དགོས་པའི་བླང་

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཟླ་བདུན་པའི་ཚེས་གསུམ་ཉིན་བརྡ་ཐོ་སྤེལ་ཏེ། ས་གནས་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་དངོས་འབེབས་མཐར་ཕྱིན་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་གྱི་གནད་འགག་དུས་སྐབས་དང་བརྒྱ་ལོ་གཉིས་ཀྱི་ལོ་རྒྱུས་འདྲེས་མཚམས་ཀྱི་གནད་འགག་དུས་རིམ་ནས་རྐང་ཚུགས་པར་བྱས་ཏེ། གཟི་དཔལ་འབར་བའི་ལོ་རྒྱུས་ལ་ཕྱིར་ལྟ་དང་འོད་སྟོང་ལྡན་པའི་མ་འོངས་པར་རྒྱང་ལྟ་བྱས་པས། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་དང་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག ཡང་ན་ང་ཚོ་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པའི་ལོ་རྒྱུས་ཀྱི་མེ་ལོང་ཞིག་དང་མ་འོངས་པ་བཏོད་པའི་ལག་ལེན་གྱི་ཁ་ཕྱོགས་ཤིག་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་པ། བདུན་གཅིག་གི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་ཆབ་སྲིད་འོས་འགན་གལ་ཆེན་དུ་བརྩི་བ། སེམས་ཞིབ་མོས་བཀོད་སྒྲིག་བྱེད་པ། རྩ་འཛུགས་ཚགས་སུ་ཆུད་པའི་སྒོ་ནས་ལག་བསྟར་བྱེད་པ། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལོན་པར་སྣེ་སྟོན་བྱེད་པ་བཅས་ལ་འབད་མཐར། བསམ་བློ་དང་ལག་ལེན་གཉིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།