ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཞེས་པའི་དབྱིན་ཡིག་གི་པར་གཞི་ཉེ་ཆར་དཔེ་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་གཅིག་གྱུར་མཛུབ་སྟོན་གནང་སྟེ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩ་འཛུགས་བྱས་ནས་ལོ་ཙཱ་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཞེས་པའི་དབྱིན་ཡིག་གི་པར་གཞི་དེ་ཉེ་ཆར་ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད། དཔེ་ཆ་དེ་ནང་དོན་གྱི་ཐད་ནས《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཀྱི་རྒྱ་ཡིག་གི་པར་གཞི་དང་གཅིག་མཚུངས་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་ཕྱི་རྒྱལ་གྱི་ཀློག་པ་པོར་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པར་དབང་གྲགས་ལྡན་པའི་དཔེ་ཀློག་ཐོན་ཁུངས་འདོན་སྤྲོད་བྱ་རྒྱུ་དེ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།