ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་དཔེ་སྐྲུན་ཆེད་སྒྲིག་གི་འགྲེམ་སྟོན་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་པའི་བསམ་བློའི་མེ་སོན་གྱིས་རིག་གནས་ཀྱི་ལས་དོན་རླབས་ཆེན་སྒྲུབ་པ་ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་དཔེ་སྐྲུན་ཆེད་སྒྲིག་གི་འགྲེམ་སྟོན་དེ་ཟླ6པའི་ཚེས29ཉིན་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དུ་སྤེལ་མགོ་བརྩམས།

འགྲེམ་སྟོན་དེ་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་བརྗོད་དོན་ལ་དམིགས་ཏེ། གླིང་གཞིའི་འགྲེམ་སྟོན་ཁང་དང་། གཙོ་གནད་འགྲེམ་སྟོན་ཁུལ5། ཆེད་དོན་འགྲེམ་སྟོན་ཁུལ3བཅས་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད་ལོ་རྒྱུས་དུས་སྐབས་སོ་སོའི་དཔེ་སྐྲུན་ཡིག་ཚགས་རྩ་ཆེན་དང་། དཔེ་སྐྲུན་ཡིག་རིགས་ཕུལ་བྱུང་གཅིག་བསྡུས་བྱས་ཏེ། བསྡོམས་པས་འགྲེམ་སྟོན་དངོས་རྫས་ཁྲི1ལྷག་འགྲེམ་སྟོན་བྱས་ཤིང་། འགྲེམ་སྟོན་གཙོ་བོ1100ལྷག་ཡོད། འགྲེམ་སྟོན་དེས་ཟུར་ཚད་མང་པོ་ནས་ལོ་ངོ་བརྒྱ་ཡི་རིང་ཏང་གི་མགོ་ཁྲིད་འོག་དཔེ་སྐྲུན་ལས་དོན་བརྒྱུད་མྱུང་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཕྱིར་དྲན་བྱས་ཏེ། དཔེ་སྐྲུན་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མཚོན་པར་བྱས་ཡོད།

གཙོ་སྒྲུབ་ཕྱོགས་ཀྱི་ངོ་སྤྲོད་བྱས་པ་ལྟར་ན། འགྲེམ་སྟོན་གྱིས་ནུས་ཤུགས་ཡོད་རྒུས་དཔེ་སྐྲུན་ལས་རིགས་ཀྱིས་ཏང་གི་སློབ་སྦྱོང་སློབ་གསོ་དང“ནུས་ཤུགས་བཞི”ཡི་སློབ་གསོའི་ལག་ལེན་བྱ་བའི་སློབ་ཁང་གཙོ་བོ་སྐྲུན་པ་དང་རྒྱ་ཆེའི་དཔེ་སྐྲུན་ལས་བྱེད་པས་ཐོག་པའི་ཕུགས་འདུན་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་འཁུར་ཕོད་པའི་སྒོ་ནས་ཏང་གི་མགོ་ཁྲིད་འོག་དཔེ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལེའུ་གསར་བའི་མགོ་རྩོམ་དགོས་ཟེར།

འབྲེལ་ཡོད་དཔེ་སྐྲུན་ལས་ཁུངས་དང་ལས་རིགས་མཐུན་ཚོགས། གསར་འགྱུར་སྨྱན་བྱད་ཀྱི་འཐུས་མི་རྣམས་མགོ་ཚུགས་མཛད་སྒོར་ཞུགས། འགྲེམ་སྟོན་དེ་ཟླ10པའི་ཚེས7ཉིན་བར་དུ་སྤེལ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།