ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་གསུང་གསེར་ནག་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི"བདུན་གཅིག་བྱས་རྗེས་གཟེངས་རྟགས"གནང་བའི་མཛད་སྒོའི་སྟེང་གསུངས་བཤད་གལ་ཆེན་གནང་།


སེམས་ནང་ན་དད་པ་ཡོད་ན།།

རྐང་འོག་ན་སྟོབས་ཤུགས་ལྡན།

1624942327741560.jpg

དེ་རིང་།གཟེངས་བསྟོད་ཐོབ་པའི "བདུན་གཅི་བྱས་རྗེས་གཟེངས་རྟགས"ཐོབ་མཁན་རྣམས་ནི་འཐབ་ཕྱོགས་སོ་སོའི་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་འཐུས་ཚབ་ཡིན་ཞིང་། ཁོང་ཚོའི་ལུས་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་འགྱུར་མེད་ཕུགས་འདུན་དང་ལག་ལེན་དགོངས་དོན་། འབད་པས་བྱས་རྗེས་འཇོག་པ་དང་སྤྱོད་གཙང་གཞུང་གཞོལ་བཅས་ཕྱོགས་ཀྱི་བླ་མེད་གཤིས་རྒྱུད་དང་ཁྱད་འཕགས་སྙིང་སྟོབས་སོགས་གསོན་ཉམས་དོད་པས་མཚོན་ཡོད། 

1624942327594548.jpg

མི་དམངས་ལ་བརྩེ་དུང་ཟབ་མོ་བཅིངས་ནས། མི་དམངས་སེམས་སུ་ཉར་ཞིངམི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ། མི་དམངས་ཀྱི་འདོད་དོན་ལ་གཞིགས་ཤིང་མི་དམངས་ཀྱི་དཀའ་ཁག་ལ་བྲེལ་བ། མི་དམངས་ཀྱི་དཀའ་ངལ་སེལ་བར་འབད་དགོས། 

1624942327508425.jpg

ལས་དོན་ཇི་ལྟར་རླབས་ཆེ་ན་དེ་ལྟར་འགྲན་སློང་ཆེ་ཞིང་། ལྷག་པར་དཀའ་ངལ་རྟོགས་དགོས་ཤིང་དཀའ་ངལ་ཁྱད་དུ་གསོད་དགོས། 

1624942328788196.jpg

གུང་ཁྲན་ཏང་མིར་མི་གཤིས་སྟོབས་ཤུགས་ལྡན་ན། ད་གཟོད་དམངས་སེམས་འགུག་ཐུབ། 

1624942328242736.jpg

ཏང་ཡོངས་ཀྱི་བློ་མཐུན་རྣམ་པས། ཀུན་སྤྱོད་ཆེན་པོ་རྟོགས་ཤིང་སྤྱི་པའི་སྤྱོད་བཟང་སྲུང་པ། སྒེར་གྱི་ཀུན་སྤྱོད་ནན་མོ་བྱས་སྟེ། མི་གཙང་མ་གཙང་རྐྱང་ཞིག་བྱེད་པ་དང་ལས་དོན་གཙང་མ་གཙང་རྐྱང་ཞིག་སྒྲུབ་དགོས།  

1624942328475696.jpg

"བདུན་གཅིག་གཟེངས་རྟགས"ཐོབ་མཁན་ཚང་མ་ནི་མི་དམངས་ཀྱི་ཁྲོད་ནས་ཐོན་ཞིང་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་ཡོད་པ་མ་ཟད། རང་རང་གི་ལས་གནས་སུ་རྐང་བཙུགས་ཏེ། གྲགས་འགུལ་མེད་པར་མཛད་རྗེས་ཆེན་པོ་བཞག་པའི་་དཔའ་བོ་དཀྱུས་མ་ཡིན་ལ། ཁོང་ཚོའི་བྱས་རྗེས་ལ་སློབ་སྦྱོང་དང་ལག་ལེན་བྱེད་དགོས་ཤིང་། ཁོང་ཚོའི་སྙིང་སྟོབས་རྒྱུད་འཛིན་དང་རྗེས་སུ་སྙེག་དགོས།

1624942328839166.jpg

ཕུགས་བསམ་དང་འདུན་མ་བརྟན་ཞིང་། འབད་བརྩོན་ཀྱི་སྙིང་སྟོབས་ལྡན་པ་དང་། རྟག་བརྟན་གྱི་སྙིང་རུས་ཆེ་ན། རྒྱུན་ལྡན་དུས་སུ་མཐོང་ཐུབ་ལ། གནད་འགག་དུས་སུ་འགྲེང་ཐུབ་པ་དང་། ཉེན་ཁའི་དུས་སུ་དཔར་ངར་ལྡན་པས། ཏང་ཡོན་ཚང་མས་རླབས་ཆེ་བའི་མི་རིགས་བསྐྱར་དར་གྱི་དོན་ཆེན་ཁྲོད་ཏང་དང་རྒྱལ་ཁབ་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ། 

1624942328524179.jpg

དུས་རབས་གསར་བར་དཔའ་བོ་དགོས་ཤིང་། དུས་རབས་གསར་བར་དཔའ་བོ་འབྱུང་ཡང་སྲིད། ཀྲུང་གོ་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་མཆོང་བ་དང་མི་རིགས་སྒལ་ཚིགས་ལྟ་བུ་ཡིན་དགོས་པས། ཏང་ཡོན་དཔུང་སྡེ་ནི་ངེས་པར་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་ཞིག་ཡིན་དགོས། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།