ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས27ཉིན།   ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་བསྡུས་ཏེ།     ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིན་ཧྲན་དང་ཞིབ་འཇུག་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་དྲངས་ནས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་བྱ་བ་མཚམས་སྦྱོར་བྱས་པར་མ་ཟད།    གསར་འགོད་པའི་དྲི་བར་ལན་བཏབ།

ཆུས་ཆིན་ཧྲན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་མཚམས་སྦྱོར་བྱས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཏེ་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ཕྱིར་དྲན་བྱས་པ་དང་།   ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་གསར་སྐྲུན་བྱས་པའི་རིག་གཞུང་གྲུབ་འབྲས་དང་ཉམས་མྱོང་རྩ་ཆེན།   རླབས་ཆེན་སྙིང་སྟོབས་བཅས་སྤྱི་བསྡོམས་བྱས་ལ།    ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བཞག་པའི་རླབས་ཆེན་བྱས་རྗེས་དང་མིའི་རིགས་ཀྱི་གནད་དོན་ཐག་གཅོད་པའི་ཐད་བཏོན་པའི་ཀྲུང་གོའི་རིག་སྟོབས་དང་ཀྲུང་གོའི་ཇུས་གཞི་རྒྱས་བཤད་ཟབ་མོ་བྱས་ཡོད་པར་མ་ཟད།    ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་མདུན་ལྗོངས་གསལ་སྟོན་བྱས་ཡོད།

ད་ལོའི་ཟླ་གཉིས་པར།    ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཐག་བཅད་པ་དང་།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་འགྲེམ་སྤེལ་བྱས་པ་དེས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཏེ་ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་བསླབས་ནས་དད་སེམས་བསྐྱེད་པ།  ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ།   ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བ་བཅས་སྒྲུབ་ཐུབ་པར་བྱས་པ་དང་།     ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་ཏང་གི་ལོ་རྒྱུས་སློབ་པ་དང་དགོངས་པ་རྟོགས་པ།   དོན་དངོས་བསྒྲུབ་པ།    རྣམ་གསར་བཏོད་པ་བཅས་ཐད་ལ་སློབ་གསོ་ཁྲིད་སྟོན་བྱས་པར་མ་ཟད།   བླང་བྱ་གསལ་བོ་བཏོན་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན།   ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་བཙུགས་པའི་ཚུན་ལ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པར་མ་ཟད།    གཙོ་གནད་འབུར་དུ་ཐོན་པར་བྱས་པ་དང་།    ཏང་གི་ལོ་རྒྱུས་ཞིབ་འཇུག་དང་ཚད་ལྡན་ཡིག་ཆ་རྩོམ་སྒྲིག      གསུང་རྩོམ་སྒྲིག་སྒྱུར་སོགས་བྱ་བ་སོ་སོར་སྐུལ་འདེད་ནན་མོ་བཏང་སྟེ་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་བྱ་བའི་རྣམ་པ་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།