ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱི་བསམ་བློ་དྲིལ་བསྒྲགས་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་བསམ་བློ་དྲིལ་བསྒྲགས་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུའི་སྟེང་ཞུགས་པ་མ་ཟད་གཏམ་བཤད་གནང་།  ཁོང་གིས་བཤད་རྒྱུར། སྲིད་གྲོས་ཀྱི་བསམ་བློ་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པ་དང་ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་དམངས་གཞི་བརྟན་དུ་གཏོང་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་ནང་གནས་དང་། ནང་ངོས་ཀྱི་འགན་འཁྲི་དང་ལས་འགན་ཞིག་ཡིན་ལ། མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་སྐྱོང་ལུགས་མ་ལག་ཁྲོད་ནུས་པ་འདོན་སྤེལ་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་དྲིལ་བསྒྲགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སྲིད་གྲོས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་། སྲིད་གྲོས་ཀྱི་བསམ་བློ་དྲིལ་བསྒྲགས་ལས་དོན་དམིགས་སའི་རང་བཞིན་དང་དུས་རངས་རང་བཞིན། དངོས་ཕན་རང་བཞིན་བཅས་ཤུགས་ཆེར་ཏན་ཏིག་གཏོང་བ་དང་། ཏང་ཁག་ཚོགས་པ་སོ་སོ་དང་མི་རིགས་སོ་སོ། ལས་རིགས་སོ་སོའི་མི་སྣའི་མཐུན་སྒྲིལ་འབད་འཐབ་བྱེད་པའི་དྲང་ནུས་ཆེན་པོ་ཡོངས་ཁྱབ་ངང་གཅིག་ཏུ་བསྡུས་ནས། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་ཡོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་དགོས་ཞེས་བཤད།   

ཟླ6པའི་ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་བསམ་བློ་དྲིལ་བསྒྲགས་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུའི་སྟེང་ཞུགས་པ་མ་ཟད་གཏམ་བཤད་གནང་། 

ཝང་དབྱང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན།  རྒྱལ་ཡོངས་སྲིད་གྲོས་དང་ས་གནས་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་སྲིད་གྲོས་ཀྱི་བསམ་བློ་དྲིལ་བསྒྲགས་ལས་དོན་ཚད་མཐོའི་མཐོང་ཆེན་བྱས་ནས། བསམ་བློའི་ཆབ་སྲིད་ལས་དོན་གྱི་ཁྱིམ་བརྒྱུད་ནོར་བུ་དང་ཚེ་སྲོག་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བརྒྱབ་སྟེ། ལས་སྟེགས་རྟེན་གཞི་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེར་གཏོང་བ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། བྱ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱས་ནས་ཏང་གི་བསམ་བློའི་དྲིལ་བསྒྲགས་ལས་དོན་ཁྲོད་སྲིད་གྲོས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆི་པའོ་དང་། ལུའུ་ཀྲན་ཀུང་། མཱ་པེའོ། ཤ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། དབང་ཡུང་ཆིང་བཅས་ཚོགས་འདུར་ཞུགས་ཡོད།  ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གནས་ཚུལ་ངོ་སྤྲོད་བྱས།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།  རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག   ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་སྲིད་གྲོས། ཞིང་ཆེན་རིམ་པ་གཞོན་པའི་སྲིད་གྲོས། གཞི་རིམ་སྲིད་གྲོས་བཅས་ཀྱི་འགན་འཁུར་བློ་མཐུན་དང་།  ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོའི་འགན་འཁུར་བློ་མཐུན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སོ་སོ་བཅས་ཚོགས་འདུར་ཞུགས་པ་དང་འཐུས་མི17གྱིས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།