ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་གནོད་འགོག་གནོད་སེལ་གནོད་སྐྱོབ་དང་ས་ཡོམ་གནོད་སེལ་དང་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཁྱབ་བཤེར་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གནོད་འགོག་གནོད་སེལ་གནོད་སྐྱོབ་དང་ས་ཡོམ་གནོད་སེལ་དང་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཁྱབ་བཤེར་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། རང་རྒྱལ་དུ་རང་བྱུང་གནོད་འཚེ་བྱུང་རྒྱུ་མང་པས། གནོད་འགོག་གནོད་སེལ། གནོད་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་ཧ་ཅང་གལ་ཆེ་བ་དང་། རྒྱལ་ཡོངས་སུ་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁར་ཁྱབ་བཤེར་བྱེད་པ་ནི་ཧ་ཅང་གལ་ཆེ་བའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲིའི་དངོས་འབེབས་ནུས་པ་ཇེ་ཆེར་གཏོང་བ་དང་། གནོད་འགོག་དང་གནོད་སེལ། གནོད་སྐྱོབ་ཀྱི་སྔོན་དཔག་ཇུས་གཞིའི་མ་ལག་དང་གྲ་སྒྲིག་བྱ་བ་སྣ་ཚོགས་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། མྱུར་སྐྱོབ་རྒུད་སྐྱོབ་ནུས་པ་ཇེ་ཆེར་གཏོང་བ་དང་། མང་ཚོགས་ཀྱི་གནོད་འགོག་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཚད་མཐོན་པོའི་སྒོ་ནས་རང་བྱུང་གནོད་འཚེ་ཡི་ཉེན་ཁ་དང་གྱོང་གུད་ཇེ་ཉུང་དུ་གཏོང་དགོས། རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁར་ཁྱབ་བཤེར་བྱེད་ཐེངས་དང་པོ་ཏན་ཏིག་སྒོས་བསྒྲུབ་སྟེ་ཉེན་ཁའི་གནས་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། ཁྱབ་བཤེར་རྒྱུ་ཆར་དབྱེ་ཞིབ་དང་བཀོལ་སྤྱོད་གང་ལེགས་བྱེད་དགོས་ལ། ཕྱོགས་བསྡུས་གནོད་སེལ་ཁུལ་འབྱེད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱི་གནོད་འགོག་གནོད་སེལ་རྨང་གཞི་སྲ་བརྟན་དུ་བཏང་ནས། གནོད་འཚེའི་ཉེན་ཁར་ནུས་ལྡན་སྒོས་དོགས་ཟོན་དང་ཞི་འཇགས་སུ་གཏོང་བར་ཚན་རིག་དང་མཐུན་པའི་ཇུས་ཆོད་གཞི་འཛིན་ས་འདོན་སྤྲོད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་དགོས་ཟེར།

རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཁྱབ་བཤེར་བྱེད་ཐེངས་དང་པོའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་པེ་ཅིང་ནས་འཚོགས་པ་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།