ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་དྲ་རྒྱའི་བདེ་འཇགས་ལ་གཅིག་བསྡུས་སྒོས་དག་ཐེར་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས22ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དྲ་རྒྱའི་བདེ་འཇགས་དོ་དམ་ཅུའུ་ཡིས་ཉེ་སྔོན་བརྙན་མིག་ཐད་ཀྱི་དྲ་རྒྱའི་བདེ་འཇགས་ལ་གཅིག་བསྡུས་སྒོས་དག་ཐེར་བྱས།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བསྟན་དོན། ཟླ6པ་ནས8པའི་བར་རྒྱལ་ཡོངས་སུ་བརྙན་མིག་གི་དྲ་རྒྱའི་བདེ་འཇགས་ཐད་ལ་གཅིག་བསྡུས་སྒོས་དག་ཐེར་བྱ་རྒྱུ་ཡིན་ཞིང་། དྲ་སྦྲེལ་བརྙན་མིག་གི་བདེ་འཇགས་ཉེན་ཁར་ལྟ་སྐུལ་དང་། ལྟ་ཞིབ། ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་སྤྲིན་ཚོགས་ཀྱི་ལས་སྟེགས་དྲ་རྒྱ་དང་གཞི་གྲངས་བདེ་འཇགས་ཐད་ལ་ཆེད་དོན་ཞིབ་བཤེར་བྱ་རྒྱུ་དང་། བརྙན་མིག་ཐོན་སྐྱེད་ཁེ་ལས་ཀྱི་ཐོན་རྫས་དོ་དམ་དང་ཚད་ལྡན་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་བརྙན་མིག་གི་དྲ་རྒྱའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོས་ནས་དྲ་རྒྱའི་བདེ་འཇགས་ལ་ཁག་ཐེག་བྱ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།