ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་མཐོ་རྒྱུགས་ཀྱི་སྐར་གྲངས་སང་ཉིན་ནས་རིམ་བཞིན་གསལ་བསྒྲགས་བྱེད་པའི་བརྡ་ཁྱབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ས་གནས་སོ་སོས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཚེས23ཉིན་ནས་བཟུང་། རྒྱལ་ཡོངས་ས་གནས་སོ་སོའི་མཐོ་རྒྱུགས་སྐར་གྲངས་རིམ་བཞིན་གསལ་བསྒྲགས་བྱེད་་རྒྱུ་ཡིན་པ་དང་། ཞིང་ཆེན་སོ་སོའི་སྐར་གྲངས་ཞིབ་བཤེར་བྱེད་པའི་དུས་ཚོད་གཤམ་གསལ་ལྟར།

ཞིང་ཆེན9ཡི་མཐོ་རྒྱུགས་ཀྱི་སྐར་གྲངས་སང་ཉིན་ནས་འཚོལ་ཞིབ་བྱེད་ཐུབ།

ཞིང་ཆེན་ཁག་གིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་དུས་ཚོད་ལྟར་ན། ཟླ6པའི་ཚེས23ཉིན་ནས་བཟུང་། ས་གནས་ཁག་གིས་མཐོ་རྒྱུགས་ཀྱི་སྐར་གྲངས་རིམ་བཞིན་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། སྐར་གྲངས་འཚོལ་ཞིབ་བྱེད་པའི་དུས་ཚོད་ནི་ཚེས23ཉིན་ནས་ཚེས26བར་ཡིན།

གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཚེས23ཉིན་ནས་བཟུང་། ནང་སོག་དང་ཧྲང་ཧའེ། ཨན་ཧུའེ། ཅང་ཞི། ཀོང་ཞི། སི་ཁྲོན། ཡུན་ནན། ཀན་སུའུ་དང་ཉིང་ཞ་སོགས་ཞིང་ཆེན9ཡི་རྒྱུགས་སྤྲོད་སློབ་མས་རང་རང་གི་མཐོ་རྒྱུགས་སྐར་གྲངས་འདྲི་རྩད་བྱེད་ཐུབ་པ་དང་། ཧྲན་ཞི་དང་ཅི་ལིན། ཀུའེ་ཀྲོའུ་དང་ཧྲན་ཞི་སོགས་ས་གནས་ཀྱིས་ཚེས24ཉིན་ནས་སྐར་གྲངས་ཁྱབ་བསྒྲགས་བྱེད་རྒྱུ་རེད།

ཞིང་ཆེན་དེ་བས་མང་བ་དཔེར་ན་པེ་ཅིང་དང་ཐེན་ཅིང་། ཧོ་པེ། ཅང་སུའུ། ཧོ་ནན། ཧུའུ་པེ། ཧུའུ་ནན། ཧའེ་ནན། ཁྲུན་ཆིང་། བོད་ལྗོངས་དང་མཚོ་སྔོན་སོགས་ཞིང་ཆེན་བཅུ་ལྷག་གིས་ཚེས25ཉིན་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མའི་སྐར་གྲངས་གཅིག་བསྡུས་ཀྱིས་ཁྱབ་བསྒྲགས་བྱེད་རྒྱུ་རེད།

གཞན་ཡང་ད་ལོར། སློབ་མ་དང་ཁྱིམ་བདག་གིས་དུས་ཐོག་ཏུ་སྦྱངས་འབྲས་འདྲི་རྩད་བྱེད་པར་སྟབས་བདེ་བྱེད་ཆེད། ས་གནས་ཁག་གི་སློབ་གསོ་རྒྱུགས་ལེན་ཁང་གི་གཞུང་ཕྱོགས་དྲ་བ་ཕུད། ཞིང་ཆེན་ཁ་ཤས་ཀྱིས་སྐད་འཕྲིན་སོགས་ལས་སྐར་གྲངས་འདྲི་རྩད་ཀྱི་ཐབས་ལམ་བཏོད་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།