ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་དམངས་ཆེན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལྷན་དུ་ཏང་གི་ལོ་རྒྱུས་སློབ་ཁྲིད་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་དམངས་ཆེན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་རྣམས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་ཏང་གི་ལོ་རྒྱུས་སློབ་ཁྲིད་ལ་ཞུགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིས་ནུས་སོང་བ་རེད་ཅེས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་སྙན་ཞུར་ཉན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཞུའེ་ཁྲུན་ཐའོ་ཡིས་གདན་དྲངས་པ་ལྟར་སྙན་ཞུ་ཕུལ། ཐེངས་འདིའི་སྙན་ཞུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཡང་དག་ལེན་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། ཀྲུང་གོ་གུང་ཁྲན་ཏང་གི་རྔམ་བརྗིད་ལྡན་པའི་འབད་འཐབ་བཞུད་ལམ་ལ་ཕྱིར་བལྟ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་སོང་བ་དང་མར་ཁེ་སི་རིང་ལུགས་ཅིའི་ཕྱིར་ཆོག་སོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་སོང་བ་བཅས་ཀྱི་གནད་དོན་གལ་ཆེན་ལ་མ་ལག་དང་ལྡན་པའི་སྒོ་ནས་སྒྲོག་འགྲེལ་བྱས། ཟུར་ཁྲིད་སྙན་ཞུས་རྒྱལ་ཡོངས་དམངས་ཆེན་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་ཕན་པ་བསྐྲུན།

ཐེངས་འདིའི་སྙན་ཞུའི་ཚོགས་འདུར་ཞུགས་མཁན་བློ་མཐུན་རྣམས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ལ་ལྟ་སྐོར་བྱེད་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་བ། ཏང་གི་ལྷོད་མེད་འབད་འཐབ་ལོ་རྒྱུས་དང་བློས་གཏོང་ལ་མི་སྐྲག་པའི་ལོ་རྒྱུས། གཞུང་ལུགས་འཚོལ་དཔྱོད་ཀྱི་ལོ་རྒྱུས། མི་དམངས་ཀྱི་ཆེད་དུ་འབྱོར་ཕྱུག་བསྐྲུན་པ་དང་རང་སྟེང་གི་འཛུགས་སྐྲུན་ལོ་རྒྱུས། དམར་པོའི་རྒྱུད་རྒྱུ་རྒྱུན་འཛིན་བྱས་པའི་ལོ་རྒྱུས་བཅས་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ལ། ཀུན་སྤྱོད་མཐོ་བ་གསོ་སྐྱོང་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ལེགས་པོ་བྱེད་པ་དང་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་གང་ལེགས་གཏོང་བ་བཅས་ལ་འབད་མཐར། གྲུབ་འབྲས་ཆེན་པོར་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།