ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་མིང་གྲགས་མཁར་གྲོང137ལ་ཇེ་མང་དུ་སོང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨན་ཧུའེ་ཞིང་ཆེན་དབྱི་རྫོང་རྒྱལ་ཁབ་ལོ་རྒྱུས་རིག་གནས་མིང་གྲགས་མཁར་གྲོང་ནང་འཇོག་པར་ཆོག་མཆན་འགོད་པའི་སྐོར་གྱི་བཀའ་ལན》ཁྱབ་བསྒྲགས་བྱས། དེར་བརྟེན་དབྱི་རྫོང་ནི་རང་རྒྱལ་གྱི་ལོ་རྒྱུས་རིག་གནས་མིང་གྲགས་མཁར་གྲོང137པ་དང་། ཨན་ཧུའེ་ཞིང་ཆེན་གྱི་རྒྱལ་ཁབ་ལོ་རྒྱུས་རིག་གནས་མིང་གྲགས་མཁར་གྲོང6པར་གྱུར་ཡོད།

དབྱི་རྫོང་ལ་སྔོན་ཆད་ཡིའུ་རྫོང་ཞེས་འབོད་པ་དང་། ལོ་རྒྱུས་ཀྱི་རྒྱུན་རིང་ལ་རིག་གནས་གཏིང་ཟབ་ལྡན་པ་དང་། ད་བར་དུ་ལོ་ངོ2200ལྷག་གི་འཛུགས་ལུགས་ལོ་རྒྱུས་ཡོད་ཅིང་། ཧུའེ་ཀྲོའུ་ཡི་ལྟེ་གནས་གྲོང་ཁྱེར་གཅིག་དང་རྫོང་དྲུག་གི་ལོ་ངོ་སྟོང་གི་འཛུགས་ལུགས་ཀྱི་ལྟེ་བའི་གྲུབ་ཆ་ཡིན། རྒྱལ་ཡོངས་ཀྱི་ལོ་རྒྱུས་ཆེས་རིང་བའི་དཔལ་ཡོན་གནའ་རྫོང་གི་གྲས་ཡིན། དུས་མཚུངས་སུ། དབྱི་རྫོང་ནི་ཧུའེ་རིག་གནས་ཀྱི་འབྱུང་ཡུལ་གལ་ཆེན་དང་རྒྱུད་འཛིན་ས་ཁུལ་གྲས་ཤིག་ཡིན་ལ། ཀྲུང་གོའི་མིན་ཆིང་རྒྱལ་རབས་ཀྱི་གནའ་བོའི་དམངས་ཀྱི་སྡོད་ཁང་བཤམས་སྟོན་ཁང་ཞེས་པའི་མཚན་སྙན་ཡོད། ལོ་རྒྱུས་རིག་གནས་ཐོན་ཁུངས་ཉར་འཇོག་བྱས་པ་ཆ་ཚང་བ་དང་མ་ལག་ལྡན་པ། ཁ་གྲངས་མང་བ་བཅས་ཀྱི་ཁྱད་ཆོས་ལྡན། མངའ་ཁོངས་སུ་སྤོ་སྒུལ་མི་ཆོག་པའི་རིག་དངོས1684ཉར་འཇོག་ཐོ་འགོད་བྱས་ཡོད་ལ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་ཁུངས4དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས11བཅས་ཡོད། དབྱི་རྫོང་ལ་ཞི་ཏིས་དང་ཧུང་ཚུན་བཅས་འཛམ་གླིང་རིག་གནས་ཤུལ་བཞག1དང་ས་ཁུལ2ཡོད་ལ། ཀྲུང་གོའི་ལོ་རྒྱུས་རིག་གནས་མིང་གྲགས་སྡེ་བ6དང་། ཀྲུང་གོའི་སྲོལ་རྒྱུན་སྡེ་བ44། ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་སྲང་ལམ3། གཟུགས་འདས་ཤུལ་བཞག་རིག་གནས66བཅས་ཡོད།

དབྱི་རྫོང་གནའ་མཁར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1.16ཡོད་པ་དང་། ད་ལྟ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་སྲང་ལམ3དང་རིག་དངོས་སྲུང་སྐྱོང་ལས་ཁུངས48། སྤོ་སྒུལ་མི་ཆོག་པའི་རིག་དངོས119། ལོ་རྒྱུས་བཟོ་སྐྲུན142དང་གནའ་བོའི་ཟམ་པ་དང་གནའ་བོའི་ཁྲོམ་པ། གནའ་བོའི་སྡོང་བོ། གནའ་བོའི་ཆུ་བེད་བཟོ་སྐྲུན་སོགས་ལོ་རྒྱུས་ཁོར་ཡུག་རྒྱུ་རྐྱེན་མང་པོ་ཡོད་ལ། དེའི་ནང་ལྷོ་བྱང་རྒྱལ་རབས་སྐབས་འཛུགས་སྐྲུན་བྱས་པའི་ཁུའེ་རྐ་དང་སུང་རྒྱལ་རབས་ལྷོ་མའི་སྐབས་འཛུགས་སྐྲུན་བྱས་པའི་ཐུང་ཝིན་ཟམ་པ། མིན་རྒྱལ་རབས་ཀྱི་ཝན་ལི་དུས་སྐབས་སུ་བསྐྲུན་པའི་ཁྲིན་ཚང་གི་གཞིས་ཀ ཆིན་རྒྱལ་རབས་ཀྱི་ཅ་ཆིན་དུས་སྐབས་སུ་བསྐྲུན་པའི་པིས་དབྱང་འཆད་ཉན་ཁང་། གནའ་བོའི་ཧུའེ་ཀྲོའུ་ཡི་རྫོང་གི་གཞུང་ལས་ཁང་སོགས་ཉར་འཇོག་བྱས་པ་ཅུང་ཆ་ཚང་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།