ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5བར་སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་དུས་མཉམ་ལས12.5%འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས15ཉིན་རྒྱལ་ཁབ་ནུས་ཁུངས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ5བར་རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་བྱུང་བ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་གློག་བཀོལ་སྤྱོད་བྱེད་ཚད་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད་ཅིང་། ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར4705ལ་སླེབས་ཏེ་དུས་མཉམ་ལས12.5%འཕར་བ་དང་། དེ2019ལོའི་དུས་མཉམ་དང་བསྡུར་ན18.7%འཕར་ཡོད།

ཐོན་ལས་ཕྱོགས་ནས་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར79ལ་སླེབས་པ་དང་དུས་མཉམ་ལས13.9%འཕར། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར4705ལ་སླེབས་ཏེ་དུས་མཉམ་ལས11.5%འཕར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ལ་བྱས་རྗེས་འཇོག་ཚད65%ལ་སླེབས་ནས། དེ་ནི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་འཕར་སྣོན་བྱུང་བའི་གཙོ་ཤུགས་སུ་གྱུར་ཡོད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1104ལ་སླེབས་ཏེ་དུས་མཉམ་ལས23.4%འཕར་ཡོད་ཅིང་། མགྱོགས་མྱུར་ངང་འཕར་སྣོན་སྣོན་བྱུང་བ་རྒྱུན་འཁྱོངས་བྱས་ཡོད། མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར836ལ་སླེབས་ཏེ་དུས་མཉམ་ལས5.6%འཕར། 

ཟླ1པོ་ནས་ཟླ5བའི་བར། སྤྱི་ཚོགས་ཡོངས་ཀྱི་གློག་བཀོལ་སྤྱོད་བྱེད་ཚད་བསྡོམས་པས་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར32305ལ་སླེབས་ནས་དུས་མཉམ་ལས17.7%འཕར། གློག་སྤྱོད་དགོས་མཁོ་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་དེ་གཙོ་བོ་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། བཟོ་ལས་ཆེན་པོའི་ཐོན་སྐྱེད་འཁོར་སྐྱོད་ལེགས་པ། གནམ་གཤིས་དྲོད་ཚད་མཐོ་བ་སོགས་རྒྱུ་རྐྱེན་མང་པོས་ཤུགས་རྐྱེན་ཐེབས་པ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།