ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་ལྔ་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འཐུབ་ཚབ་རང་བཞིན་གྱི་ལས་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པ་བརྒྱུད་སྐོར་ཐེངས་ལྔ་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འཐུབ་ཚབ་རང་བཞིན་གྱི་ལས་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས། 

མཚམས་སྦྱོར་བྱས་པ་ལྟར་ན། སྐོར་ཐེངས་ལྔ་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འཐུབ་ཚབ་རང་བཞིན་གྱི་ལས་གཞིའི་མིང་ཐོ་ཁྲོད་བསྡོམས་པས་ལས་གཞི185དང་རྒྱ་བསྐྱེད་ལས་གཞིའི་མིང་ཐོའི་ཁྲོད་བསྡོམས་པས་ལས་གཞི140ཡོད། ལས་གཞི325དེ་རྒྱལ་ཡོངས་ཀྱི་ཞིང་ཆེན(ལྗོངསདང་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་དམག་དཔུང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་བཅས་སུ་ཁྱབ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཚོན་པ་དང་། ལོ་རྒྱུན་དང་རྩོམ་རིག སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་སྐོར་ཞིག་མིང་མཛོད་ནང་བཅུག་ནས་སྲུང་སྐྱོང་བྱ་རྒྱུ་རེད། དེའི་ནང་། དེ་སྔོན་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང96གི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི103ཡོད་པ་དང་། དམངས་འཚོར་ཞབས་ཞུ་དང་མང་ཚོགས་ལ་ཕན་ཁེ་ཆེ་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་སྐོར་ཞིག་མིང་མཛོད་ནང་ཚུད་ཡོད་ལ། སྔོན་ཆད་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་ལས་གཞི་སྣ1དང2ལས་མེད་པའི་གྲངས་ཉུང་མི་རིགས་ལ་ད་ཐེངས་ལས་གཞི8མིང་མཛོད་ནང་ཚུད་ཡོད་ལ། དེ་དག་ནི་ཨུ་རུ་སུ་རིགས་དང་ཐ་ཐའར་རིགས། མོན་པ་རིགས། ཏུའུ་ལུང་རིགས་སོགས་མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།