ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་བྱང་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཞབས་འདེགས་ཞུ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་་ཚེས་བརྒྱད་ཉིན་ནས་ཚེས་དགུ་ཉིན་བར། ནུབ་བྱང་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་ཐད་སྐུལ་འདེད་གཏོང་བ་དང་ཞབས་འདེགས་ཞུ་བའི་མཉམ་འབྲེལ་གྲོས་ཚོགས་ཞིན་ཅང་ནས་བསྡུས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་ཀའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་འགོ་ཁྲིད་དང་རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རིག་གནས་གནས་སྐོར་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གྲོས་ཚོགས་ལ་ཞུགས་པར་མ་ཟད་བརྗེ་རེས་གཏམ་བཤད་བྱས།

ཁྲིན་ཆོན་ཀའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་། སྲིད་གྲོས། དམག་ཚོགས་དང་རང་སྐྱོང་ལྗོངས་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ནས། ཚོགས་ཞུགས་འཐུས་ཚབ་མི་སྣ་ཡོངས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་ཡོད་མ་མྱོང་བའི་འགྱུར་ལྡོག་ལ་དམིགས་ནས་བཏོན་པའི་གྲོས་གཞི་གལ་ཆེན་ཡིན་། ཞིན་ཅང་གིས་ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྲིད་གྲོས་མཉམ་འབྲེལ་གྲོས་ཚོགས་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ནས། དར་གོས་ཚོང་ལམ་མཉམ་འཛུགས་དང་དར་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད། མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་བྱེད་པ་དང་། མཉམ་ལས་སྒོས་ནུབ་རྒྱུད་དུ་སྒོ་འབྱེད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་འབྲི་དགོས་ཟེར།

དབྱང་ཁྲོན་ཐང་གིས་བསྟན་དོན། ནུབ་བྱང་ཞིང་ཆེན་དང་རང་སྐྱོང་ལྗོངས་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་ངེས་པར་བརྒྱུད་དགོས་པའི་ས་ཆ་ཡིན་པ་དང་། མཉམ་ལས་སྒོས་ནུབ་རྒྱུད་དུ་སྒོ་འབྱེད་བྱེད་པའི་ཐད་ནས་ཁྱད་དུ་འཕགས་པའི་ཆ་རྐྱེན་དང་མི་གཞུང་དང་ཐོན་ཁུངས་ཀྱི་དགེ་མཚན་ལྡན། སྤྱི་ཡོངས་གཉིས་ལ་དམིགས་ནས། རང་སྟེང་གི་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་ཁྲོད་ཀྱི་གོ་གནས་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་བསྩལ་བའི་འཐབ་ཇུས་གནས་གཏན་དང་འགན་འཁྲི་ལས་འགན་ཁོང་དུ་ཆུད་པར་བྱེད་པ། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དཀྱིལ་སྙིང་ས་ཁུལ་དང་བགྲོད་ལམ་ཆེན་པོ། དུས་ཚིགས་གལ་ཆེན་སོགས་ནུས་པ་སྲུང་སྐྱོབ་དང་འདོན་སྤེལ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཝང་ཀྲིན་ཁྲང་གིས་མཚོ་སྔོན་ཞིང་ཆེན་གྱིས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ངོ་སྤྲོད་མདོར་བསྡུས་བྱས་པ་དང་། གཙོ་བོར་སྒྲིག་ཆས་འབྲེལ་མཐུད་དང་ཉོ་ཚོང་ཤར་བགྲོད། ཐོན་ལས་མཐོར་འདེགས། དམངས་སེམས་འབྲེལ་མཐུད་བཅས་ལ་དམིགས་ནས་གྲོས་གཞི་བཏོན་པ་དང་། མཚོ་སྔོན་གྱིས་ནུབ་རྒྱུད་དུ་སྒོ་འབྱེད་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་ཐུན་མོང་གི་ལྟ་བ་གསར་བ་བཏོན།

ཚོགས་ཐོག་ནས་ནུབ་བྱང་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བའི་གནས་ཚུལ་དང་གྲོས་གཞི་དང་ནུབ་བྱང་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་མཉམ་ལས་བརྗེ་རེས་རྐྱེན་སྲོལ། ནུབ་བྱང་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱི་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་སྙན་ཞུ། རྒྱལ་ཡོངས་སྲིད་གྲོས་ལ་མཉམ་འབྲེལ་གྲོས་གཞི་སྤྲོད་པའི་སྐོར་གྱི་གཏན་ཁེལ་བཅས་ལ་གྲོས་སྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། ༢༠༢༢ལོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱི་མཉམ་འབྲེལ་གྲོས་ཚོགས་དེ་ཧྲན་ཞི་ཞིང་ཆེན་གྱིས་འགན་ཁུར་ནས་བསྒྲུབ་རྒྱུར་གྲོས་ཐག་བཅད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།