ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧེ་ལུང་ཅང་ནས་དུས་རབས་གསར་བའི་མཐའ་དར་དམངས་ཕྱུག་འགུལ་སྐྱོད་ལ་ཡར་སྐུལ་བྱེད་པའི་ཏང་ཕྱིའི་ཨུ་ཡོན་གྱི་ཆེད་དོན་གཟིགས་ཞིབ་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧེ་ལུང་ཅང་ནས་དུས་རབས་གསར་བའི་མཐའ་དར་དམངས་ཕྱུག་འགུལ་སྐྱོད་ལ་ཡར་སྐུལ་བྱེད་པའི་ཏང་ཕྱིའི་ཨུ་ཡོན་གྱི་ཆེད་དོན་གཟིགས་ཞིབ་བྱ་འགུལ་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བྱ་འགུལ་ལ་ཞུགས་པར་མ་གསུང་བཤད་གནང་། ཁོང་གིས་བསྟན་དོན། མཐའ་མཚམས་ས་ཁུལ་ནི་ཕྱི་འབྲེལ་འགྲོ་འོང་གི་སྒོ་མོ་གཙོ་བོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་བའི་མཐའ་དར་དམངས་ཕྱུག་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་མཐའ་མཚམས་ས་ཁུལ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་། མཉམ་དུ་ཕྱུག་པོར་འགྲོ་བར་ཡར་སྐུལ་བྱེད་པ། ཁྱིམ་མཚེས་མཉམ་ལས་རྒྱ་བསྐྱེད་པར་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། མཐའ་དར་དམངས་ཕྱུག་འགུལ་སྐྱོད་རྒྱ་ཆེར་སྤེལ་ཞིང་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་འཇགས་ལ་ཡར་སྐུལ་བཏང་ནས། མཐའ་མཚམས་ས་ཁུལ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ནང་དུ་རྗེས་སུ་མི་ལུས་པ་དང་མི་རིགས་གཅིག་ཀྱང་བསྐྱུར་མི་ཆོག་པ་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།