ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་གྲངས་དུང་ཕྱུར13.6ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས《2020ལོའི་རྒྱལ་ཡོངས་སྨན་བཅོས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས། ན་ནིང་རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་གྲངས་ཁྲི136131ལ་སླེབས་པ་དང་། ཞུགས་ཚད95%ཡན་སྲུང་འཛིན་བྱས་ཡོད། གཞི་རྩའི་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར24846ལ་སླེབས་པ་དང་ན་ནིང་ལས1.7%འཕར་ལ། དེས་ལོ་དེའིGDPབསྡུར་ཚད་ཀྱི2.4%ཟིན་ཡོད། སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར21032དང་ན་ནིང་ལས0.9%འཕར་ཡོད་པ་དང་། དེས་ལོ་དེའིGDPབསྡུར་ཚད་ཀྱི2.1%ཟིན་ཡོད། བསྡོམས་པས་རྩིས་སྡོམ་ལྷག་གྲངས་སྒོར་དུང་ཕྱུར31500དང་། དེའི་ནང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་གི་མི་སྒེར་གྱི་རྩིས་ཐོའི་རྩིས་སྡོམ་ལྷག་གྲངས་སྒོར་དུང་ཕྱུར10096ཡོད།

སྤྱི་བསྒྲགས་ལས་མངོན་པ་ལྟར་ན། ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་གྲངས་ཁྲི34455དང་ན་ནིང་ལས་མི་ཁྲི1530ཇེ་མང་དུ་སོང་ཞིང4.6%འཕར་ཡོད། ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་གྲངས་ཁྲི101676དང་ན་ནིང་ལས0.8%ཇེ་ཉུང་དུ་སོང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།